¡¡

༄༅། །ཇོ་ཇོའི་ལྷ་ཁང་།

   མདོ་སྨད་ཡུལ་གྱི་ཁྲི་ཀའི་ཇོ་བོ་དང་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་གཉིས་བྱིན་རླབས་མཉམ་པར་གྲགས་ཤིང་དེ་ལས་ཁྲི་ཀའི་ཇོ་བོ་ཞེས་
པའི་རྟེན་འགངས་ཅན་དེ་ནི་སྔོན་རབ་འདོད་ཆུ་སྟག་ཕྱི་ལོ་༡༡༨༢ལོར་ཧོར་རྒྱལ་རབས་ཀྱི་རྒྱལ་པོ་གོ་ཏན་གྱིས་འཇམ་འགོན་ས་པཎ་རྒྱ་ནག་ཏུ་
གདན་དྲངས། ས་པཎ་ཁོང་ཉིད་དང་། འགྲོ་འགོན་འཕགས་པ། རྒྱལ་བ་ཕྱག་ན་བཅས་མདོ་སྨད་དུ་ཕེབས་པའི་ལམ་དུ་ཁྲི་ཀའི་མི་ཉག་མཆོད་
རྟེན་དཀར་པོར་མཇལ་བར་ཕེབས་ནས་མཆོད་རྟེན་ལ་རབ་གནས་མཛད་ཅིང་རྒྱལ་པོས་དད་འབུལ་གྱིས་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་ལ་
གཞིར་བྱས་ནས་ཁྲི་ཀའི་ཇོ་བོ་རྟེན་དང་བརྟེན་པ་བཞེངས་ནས་རབ་གནས་མཛད་སྐབས། ཐུབ་སྐུ་ལ་སངས་རྒྱས་བྱང་སེམས་མང་པོ་ཐིམས་པའི་
གཟིགས་སྣང་བྱུང་བས་ཁྲི་ཀ་ཇོ་ཇོ་ལྷ་ཁང་དུ་འབོད། གཙུག་ལག་ཁང་སྒོ་ཆེན་དང་བཅས་པ་གོང་འོག་གི་ལྡེབས་བྲིས་ལ་ཐུབ་དབང་གནས་
བརྟན་བཅུ་དྲུག བསྐལ་བཟང་སངས་རྒྱས་སྟོང་། རྒྱུད་སྡེ་བཞིའི་ལྷ་ཚོགས། རྗེ་ཙོང་ཁ་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་སྣང་བརྙན། རྒྱལ་
བའི་བཀའ་བསྟན་འགྱུར་གླེགས་བམ་རེ་ལ་རས་ཐུམ་གོས་བཟང་པོའི་གདོང་དར། མཆོད་རྫས་སྣ་ཚོགས་དང་བཅས་པ་ལེགས་པར་གྲུབ་སྟེ། དེའི་
རྗེས་སུ་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་འདུས་བྱས་མི་རྟག་རང་བཞིན་མངོན་དུ་གྱུར། མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དོན་གྱི་ཐོག་ཏུ་
ཕབ་ནས། མཚོ་ལྷོ་ཁུལ་ལྷན་ཚོགས་དང་ཁྲི་ཀ་རྫོང་ལྷན་ཚོགས་ཀྱིས་ཐོག་མར་ཇོ་ཁང་འདི་ཆོས་སྒོ་འབྱེད་རྒྱུའི་ཆོག་མཆན་བཀོད། ལོ་དེའི་ཐ་སྐར་
ཟླ་བར་ཀུན་བཟང་ནས་ཇོ་བོའི་སྐུ་ལི་མ་བྱིན་ཅན་ཁྲི་གང་ཙམ་བཞག་ནས། གོང་བ་གྲྭ་ཚང་གི་དགེ་འདུན་རྣམས་ཞུས་ནས་རབ་གནས་དང་ཁྲུས་
གསོལ་གནང་སྟེ་རྟེན་འབྲེལ་གྱི་ཐོག་མར་ཆོས་སྒོ་ཕྱེས། ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་པར་གྲགས་པའི་ཁྲི་ཀའི་ཇོ་བོ་ཞེས་ཡོངས་སུ་གྲགས་
པ་འདི་ཉིད་རབ་རྒྱལ་ལྕགས་རྟའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་ལྔ་ལྡན་
ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་ལྟ་བས་ཆོག་མི་ཤེས་པ་ལེགས་པར་གྲུབ། རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་ཉིད་ཀྱིས་རྡོ་རྗེ་
སློབ་དཔོན་མཛད་དེ་དགེ་འདུན་བཅུ་ཕྲག་ཟུང་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞི་རྒྱས་སྦྱིན་བསྲེག་དང་བཅས་སྦྱོར་
དངོས་འཇུག་གསུམ་ཐམས་ཅད་དམ་པ་གོང་མའི་ཕྱག་བཞེས་བཞིན་མཛད། དད་ལྡན་ཀུན་གྱི་བསོད་ནམ་བསགས་པའི་ཞིང་ས་བླ་ན་མེད་པར་
བསྐྲུན་པ་སོགས་ལྷ་ཁང་འདི་ཉིད་རྟེན་བརྟེན་པ་དང་བཅས་པ་བསྐྱར་དུ་བཞེངས་པའི་བྱ་བ་ཐམས་ཅད་ཡོངས་སུ་གྲུབ་ཚུལ་གྱི་རིམ་པ་རྣམས་
བཤད་ཟིན་ཏོ། །
  ཁྲི་ཀའི་ཇོ་བོ་རིན་པོ་ཆེ་འདི་རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་བསྐྱར་བཞེངས་བྱས་ཏེ་ཡོངས་སུ་གྲུབ། ཇོ་ཇོ་ལྷ་ཁང་ཆེན་མོ་ཁང་བ་གྱན་
བདུན་ཅུ། འདུ་ཁང་འདུན་གྱི་བར་ཁང་ནང་དུ་སངས་རྒྱས་སྨན་བླའི་ཞིང་བཀོད་གཅིག་དང་སྒྲོལ་མའི་ཞིང་བཀོད་གཅིག མཛད་བཅུའི་གྱན་
ཐང་བཞི། བར་སྐོར་གྱི་སྐོར་ལམ་དུ་མ་ཎི་འཁོར་ལོ་བརྒྱ་དང་བརྒྱད། མ་ཎི་གྲངས་ཀ་དུང་ཕྱུར་བཅོ་བརྒྱད། མདུན་གྱི་སྒོ་ཆེན་ནང་དུ་རྒྱལ་ཆེན་སྡེ་
བཞི། ལྷ་ཁང་མདུན་གྱི་གཡས་གཡོན་དུ་ཁང་བ་གྱན་བཅོ་བརྒྱད། དད་ལྡན་མང་ཚོགས་སྡོད་ས་ཁང་བ་གྱན་བཅོ་ལྔ། ཇ་ཁང་གྱན་གསུམ་བཅས་
ཡོད། ད་སྔ་༡༩༩༦ལོར་འདུ་ཁང་ལྟག་རྒྱབ་ཏུ་དུས་གསུམ་སངས་རྒྱས་ལྷ་ཁང་གྱན་ལྔ་ཅན་ཞིག་ཀྱང་བཞེངས། །