|
གསེར་ལྡན་ཆུ་བོ་འབབ་པའི་གཡས་རོལ།
ས་འཛིན་ལྷུན་པོ་ལ་དཀར་ཕྱོགས་སྐྱོང་བའི་སྐྱེས་ལྷ་བདུད་འདུལ་སྲིན་པོའི་རྫ་རིའི་འདབས་རོལ།
ཁྲི་ཀ་གསེར་མོ་ལྗོངས་ཀྱི་ཤར་ཕྱོགས་སུ། རྫ་མགོ་གཡའ་སྤང་སྨན་གྱིས་གང་བ།
རྫ་སྐེད་ལྗོན་ཤིང་ནགས་ཚལ་རྒྱས་པ། རྫ་སྨད་ས་གཞི་མེ་ཏོག་འབྲུ་
དྲུག་འཁྲུངས་པ། འབྲི་མ་མོ་རྒོད་མ་གསུམ་གྱི་འཕེལ་ཁ་དར་ས།
རོང་མ་འབྲོག་གི་སའི་ཆ་ན། སྐེ་བ་སླེས་བདུན་གྱི་དབུས། ས་དཔྱད་ལ་དཔལ་
འཛོམས་པའི་སྤེན་ཐོག་མཁར་ནང་དུ།
འདུ་ཁང་གྱོ་ཏོག་དགུང་ལ་རེག་སྟེ་ལྷང་ངེར་ཆགས་ཡོད།
བླ་མ་གོང་མས་གསུངས་པའི་ངག་རྒྱུན་ལྟར་ན།
མཁར་འདི་ཡི་ཁོར་ཡུག་ལ། བཀྲ་ཤིས་པའི་རྟགས་བརྒྱད་ཚང་བ་དང་།
གནམ་འཁོར་ལོ་རྩིབ་བརྒྱད་དང་། ས་པདྨ་འདབ་བརྒྱད་ཚང་བར་
གསུངས་ལ།
ཁྱད་པར་དུ་ལམ་གསུམ་བསྣོལ་མཚམས་ཤིག་དུ་ཆགས་ཡོད་པས་སྲིད་གསུམ་ཟིལ་གྱིས་ནོན་པར་གྲགས།
འདུ་ཁང་གི་སྒོ་ནི་ལྷོར་
གཏད་ཡོད། མཁར་དེ་དང་མི་རིང་བ་ན། གཡས་སུ་ཀླུ་ཐར་སྒང་དང་།
གཡོན་དུ་དུས་བར་སྒང་ཞེས་པའི་སྒང་གཉིས་སྟག་གཟིག་གི་ཚུལ་དུ་
འགྱིངས་ཤིང་ཡོད་པས་ནང་གི་སྒོ་སྲུང་ཡིན་པར་བཤད་པ་དང་། དེའི་ཉེ་ས་ན།
གཡས་སུ་གཡག་སྒང་དང་གཡོན་དུ་སྟག་སྒང་ཞེས་སྒང་གཉིས་
སྟག་གཡག་གི་ཚུལ་དུ་ཡོད་པ་ཕྱིའི་སྒོ་སྲུང་བ་ཡིན་པར་བཤད།
དགོན་པའི་འདུ་ཁང་དང་མཁར་གྱི་སྒོ་ལྷོར་གཏད་པའི་མདུན་རི་གསེར་གཞོང་
རིན་ཆེན་སྤུངས་འདྲའི་དཀར་ཕྱོགས་སྐྱོང་བའི་གནས་བདག་རི་བོ་ཆེ་དང་།
འདུ་ཁང་གི་སྒོ་ནི་ནམ་ཐོ་རངས་སྐྱ་མདའ་བཀྱགས་འདྲའི་སོ་དུས་
གོང་མོ་ཆེ་ཟེར་བར་གཏད་པའི་ས་དཔལ་ནི་གསང་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་།
བསྟན་འགྲོའི་ལེགས་ཚོགས་འཕེལ་རྒྱས་སུ་འགྲོ་
བའི་རྟེན་འབྲེལ་དུ་གོ་དགོས་ཞེས་གསུངས་པར་བཤད་པའི་དགོན་པའི་ཆགས་དབྱིབས་དང་།
ས་དཔལ་གྱི་སྐབས་སོ། །
སྤེན་ཐོག་ཟེར་བ་ནི།
སྔོན་གྱི་དུས་སུ་ཐང་འདིར་སྤེན་མ་མང་པོ་སྐྱེས་ཡོད་པས་མི་ཚང་མས་སྤེན་ཐང་ཞེས་འབོད་པར་གྲགས་ཤིང་།
སྤེན་
ཐོག་ཟེར་བ་ཟུར་ཆགས་པར་བཤད། རྒན་པོ་དག་གི་ངག་རྒྱུན་ལྟར་ན།
མཁར་འདི་སྤེན་ཐོག་གི་མཁར་ཡིན་ལ། གནའ་དུས་སུ་གཅིག་གིས་གཅིག་
ལ་འཕྲོག་བཅོམ་གྱི་ལས་བྱེད་པར་བརྟེན།
སྡེ་བའི་ཁྱིམ་ཚང་ཐམས་ཅད་མཁར་ནང་དུ་འདུས་སྡོད་བྱས་ཏེ་འདུག་པར་བཤད།
དཔེར་ན་བོང་སྟག་
མཁར་ཟུར་ཚང་ཟེར་བའི་སྡེ་བ་གཉིས་ཡོད་པ་ནི་འཆད་ཁུངས་སྤེན་ཐོག་མཁར་ནང་ཡིན་པ་དང་།
མཁར་ཟུར་ཚང་ཟེར་བ་ནི་མ་ཡིན་པར་
མཁར་དེ་ཆོས་འབྱུང་ཟུར་གསུམ་གྱི་དབུས་ན་ཡོད་རྐྱེན་ཟུར་གསུམ་དེ་ཟུར་ཚང་དུ་འབོད་པར་གྲགས།
བོང་སྟག་མཁར་དང་ཕར་ཚུར་འགྲོ་འོང་
གི་འབྲེལ་བ་ནི། མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་བཤད།
མཁར་བློ་སྐོར་ནི། མཁར་འདིའི་ནང་མིང་ལ་བློ་བཟང་ཟེར་བ་ཞིག་བསྡད་
དེ་བཟུང་བའི་ཕྱིར་བློ་སྒོར་དེ་ལྟར་ཐོགས་པ་ཡིན།
ས་འདིར་སྡེ་བ་རེ་ན་ས་མཁར་རེ་ཡོད། ས་མཁར་དེ་དག་དུས་ཚོད་ནམ་ཚོད་དང་།
དཔོན་པོ་
སུ་ཞིག་གི་དུས་ཡིན་པ་མི་ཤེས་མོད།
མཁར་ནང་དུ་དུད་ཁྱིམ་ཡོད་པ་བདེན་པར་འདུག
སྔར་དགོན་པ་འདི་འདེབས་པར་དུས་རིམ་གཉིས་ཡོད།
དུས་རིམ་དང་པོའི་གཞི་འཛིན་མཁན་ནི། ར་འོག་མཚམས་པ་ཞེས་པ་དེ་ཡིན།
ཁོང་གི་ཕ་མ་གཉིས་ལ་བུ་ཕྲུག་ཁོང་གཅིག་པུ་མ་གཏོགས་མེད་པ་
དང་།
ཁོང་གིས་ཆུང་དུས་ནས་བཟུང་སྟེ་འཁོར་བའི་སྐྱོན་མཐོང་ཞིང་ཞེན་ལོག་གི་བློ་སྐྱེས་ཏེ་ཁྱིམ་ནས་བུད་པ་དང་བྲག་ཕུག་འགྲིམ་སྟེ་སྒྲུབ་སྦྱོང་
ལ་འབད་པས་ཀུན་གྱིས་ར་འོག་མཚམས་པ་ཞེས་གྲགས།
ཕ་མ་གཉིས་ཀྱིས་ཁྱིམ་ཐབ་སྐྱོང་བའི་ཁ་སྒོ་བྱས་ཚེ།
ཁོང་གིས་འཁོར་བའི་ཉེས་དམིགས་
བརྗོད་དེ་རབ་ཏུ་བྱུང་རྒྱུའི་འདུན་པ་བརྟན་པོ་བཤད་པས་ཕ་མ་གཉིས་ཐབས་ཟད།
ར་འོག་ཞེས་པ་ནི་རུས་རྒྱུད་ཅིག་ཡིན་ཏེ། ར་ཚང་། ར་གོང་མ།
ར་སྟེང་འོག་ཞེས། བོད་ཀྱི་རུས་རྒྱུད་ཡོད་པ་ལས།
ར་འོག་མའི་རུས་རྒྱུད་ཡིན་པར་བཤད། དེའི་ཕྱིར་ར་འོག་ཅེས་པར་གྲགས། །
སྤེན་ཐོག་ར་འོག་ཚང་ཞེས་པ་དེར། ར་འོག་བླ་མ་ཆོ་རྗེ་ཟེར་བ་དང་།
ར་འོག་དཔོན་པོ་རྣ་བཞི་ཟེར་བ། ར་འོག་མཚམས་པ་ཟེར་བ། ར་འོག་
དབུ་མཛད་དམ་སྤེན་ཐོག་དབུ་མཛད་ཟེར་བ་སོགས་ཁྱིམ་རྒྱུད་དེར་མི་མིང་གྲགས་ཅན་དུ་མ་སྐྱེས་པའི་ཁྱིམ་རྒྱུད་ཞིག་ཡིན་པར་བཤད།
དཔོན་པོ་
རྣ་བཞི་ཟེར་བ་ནི། རྣ་བ་གཉིས་ཀྱི་སྟེང་ན་ཤ་འབུར་གཉིས་ཡོད་ཕྱིར།
མི་ཀུན་གྱིས་རྣ་བ་བཞི་ཡོད་ཅེས་རྣ་བཞི་ཟེར། དཔོན་པོ་རྣ་བཞི་ནི་བརྒྱ་
དཔོན་ཞིག་ཡིན་པར་སྣང་ཞིང་།
ཁོ་རང་གོང་བའི་ནང་སོ་ཞེས་པའི་མངའ་འོག་གི་ཡིན་པར།
ནང་སོ་ལ་མ་འཆམ་པར་སྐེ་བ་སླེ་བདུན་སྒེར་
ཚུགས་ཀྱིས་དཔོན་མགོ་བཟུང་བར་བཤད་པའི་ངག་རྒྱུན་ལྟར་ན། གོང་བའི་ནང་སོ་ནི།
སྐེ་བ། སྨད་པ། གཞོང་སྤ། གླིང་ཚ། སེར་རྒྱ་སོགས་གོང་བའི་
ནང་སོའི་མངའ་འོག་ཡིན། སྤེན་ཐོག་ར་མགོ་དཔོན་པོ་རྣ་བཞིའི་ཁྱིམ་ནི།
དགོན་པའི་འདབས་སུ་ད་སྐབས་མཁར་ཤུལ་ཡོད་པར་མ་ཟད། དཔོན་
པོའི་བསང་ཕུད་སའི་སྒང་དང་། ཆུ་ལེན་སའི་ཆུ་མགོ་ལའང་དཔོན་ཚང་ཆུ་མགོ་ཟེར།
དཔོན་པོ་དེ་ཡི་སྔོན་རོལ་ཏུ། ཆོ་རྗེ་བླ་མ་ཞེས་པས་བརྒྱད་
ཅུ་གཞོངས་ནས་སྒར་གཞི་ལྕེ་འབའ་རུ་སྤོས།
ལྕེ་འབའ་ཟེར་བའི་ས་དེ་རུ་ཡང་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་ཚད་ལྡན་ཞིག་བཞེངས་ཏེ།
རྗེས་
སུ་སྤེན་ཐོག་མཁར་ནང་དུ་སྤར།
རྟེན་ཐམས་ཅད་དེ་རུ་ཞུས་ཏེ་མ་ཎི་འཁོར་ཆེན་ཞིག་ཀྱང་བསྐོར་དེ་བསྡད་པས།
དེ་དུས་སྤེན་ཐོག་མ་ཎི་ཁང་
ཞེས་པར་གྲགས།
རྗེས་སུ་བླ་མ་ཞིང་གཞན་དུ་གཤེགས་རྗེས་ལྷ་ཁང་དེར་བདག་པོ་མེད་པས་ཉམས་དམས་སུ་འགྱུར་ཉེའི་སྐབས།
དཔོན་པོ་རྣ་
བཞིས་བདག་སྐྱོང་བྱས།
ར་འོག་མཚམས་པའི་དུས་བར་ན་མཚམས་ཁང་ཞིག་ལས་ནས་སྒྲུབ་པ་སྦྱངས།
མཚམས་ཁང་གི་ཤུལ་ཙམ་ད་སྐབས་ཀྱང་
ཡོད།
སྐབས་ཤིག་མཚམས་པ་ལ་དབུས་གཙང་དག་པའི་ཞིང་དུ་འགྲོ་བའི་ཀུན་སློང་སྐྱེས་ཏེ་དབུས་གཙང་དུ་ཆས།
དབུས་ནས་དགོན་སྡེ་ཐམས་
ཅད་མཇལ་ཕྱག་དང་།
རྟེན་མཇལ་བླངས་ཏེ་མདོ་སྔགས་ཀུན་གྱི་བླ་མ་རྣམས་ལ་རིས་མེད་ཀྱིས་ཆོས་འབྲེལ་བཞག་ནས།
བསམ་ཡས་དང་། སྨིན་
གྲོལ་གླིང་དུ་ཕྱག་མཇལ་ཕེབས་ཏེ་སྨིན་གླིང་གཏེར་ཆེན་འགྱུར་མེད་དམ་ཆོས་རིན་པོ་ཆེའི་སྤྱན་སྔར་ལོ་གསུམ་གྱི་རིང་ལ་དམ་ཆོས་གང་མང་
གསན་ནས་སྨིན་གླིང་ཚེས་བཅུའི་ཆ་ལག་བཅོ་བརྒྱད་ལ་ཡང་ཡང་སྦྱངས་ཏེ་བྱང་ཆུབ་པར་བྱས།
གཞན་ཡང་། ཡི་དམ་བཀའ་བརྒྱད་བདེ་
གཤེགས་འདུས་པ་སོགས་ཡི་དམ་གང་མང་གི་དབང་ལུང་ཁྲིད་གསུམ་མང་པོ་ཐོབ་པས།
སྐྱེས་བུ་གསུམ་གྱི་ལམ་ལ་བསླབ་ནས་བཞུགས། ཉིན་ཞིག་
ཚོགས་འཁོར་རྒྱ་ཆེན་པོ་མཛད་སྐབས། བླ་མས།
ཀྱེེ་དྲང་སྲོང་ཆེན་པོ་ད་ནི་གདུལ་བྱའི་དུས་ལ་བབས་པ་ཡིན་པས།
རང་ཡུལ་ལ་ཕེབས་དགོས་
གསུངས་པ་དང་།
བླ་མའི་སྐུ་མདུན་དུ་བོས་ཏེ་གུ་རུ་ཚེ་དབང་རིག་འཛིན་གྱི་ཟངས་སྐུ་མཐོ་གང་ལས་མི་ཆུང་བ་ཞིག་དང་།
གཞན་ཡང་སྐུ་གསུང་
ཐུགས་རྟེན་གང་མང་གནང་སྟེ་ཕྱིར་ཕ་ཡུལ་ལ་ཆས།
ཕྱིར་རང་ཡུལ་ལ་ཕེབས་དུས་ཕ་མ་གཉིས་ཚེ་ལས་འདས་སོང་བ་དང་། ཁོང་གི་མཚམས་
ཁང་ཡང་ཞིག་རལ་དུ་གྱུར་པས།
ཁོང་སྤེན་ཐོག་མཁར་ནང་གི་མ་ཎི་ཁང་དུ་བསྡད་དེ་སྒྲུབ་སྦྱོང་གཡེལ་མེད་དུ་བྱས།
ཉིན་ཞིག་ཉལ་བའི་རྨི་ལམ་
དུ། རྩ་བའི་བླ་མ་འགྱུར་མེད་དམ་ཆོས་བཟང་པོས་ཞལ་ནས།
འོ་དྲང་སྲོང་ཆེན་པོ་ད་ནི་གདུལ་བྱའི་དབུ་བརྙེས་སོང་།
འདི་ནས་ལྷོ་ཕྱོགས་སུ་སོག་
པོ་ལ་འགྲོ་དགོས་ཞེས་གསུངས་ནས་མི་སྣང་བར་གྱུར།
གཉིད་སད་དེ་བླ་མས་ལུང་བསྟན་པར་དགོངས་ནས་མྱུར་བར་རེབ་གོང་སྟོད་བརྒྱུད་དེ་
སོག་པོར་སོང་།
མཚམས་པས་ཆོས་རྒྱལ་ངག་གི་དབང་པོ་དང་པདྨ་རང་གྲོལ་གྱི་ཞལ་མཇལ།
དམ་ཆོས་རྫོགས་པ་ཆེན་པོའི་ཆོས་སྐོར་དང་། ཉམས་
ལེན་ཟབ་ཆོས་ཀྱི་སྐོར།
ཀློང་ཆེན་སྙིང་ཐིག་གི་སྐོར་སོགས་ཀྱི་རྒྱབ་བརྟེན་གྱི་ལུང་དང་།
སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད་སོགས་དམ་ཆོས་
མང་པོ་བསྩལ་ནས། དག་སྣང་རྣམ་པར་དག་པའི་སྒོ་ནས་བླ་མ་ཚུལ་བཞིན་དུ་བསྟེན།
ས་ཁུལ་འདིར་སྡེ་བ་རེ་ན་སྔགས་པ་འགའ་རེ་ཡོད་ཀྱང་།
འདུས་པའི་དགོན་པ་ཞིག་མེད།
སྔགས་པ་རྣམས་ལོ་གཅིག་ལ་ཐེངས་ཤིག་ཁྲི་ཀའི་ཇོ་བོ་ལྷ་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་
ཐོག་ཉིན་བདུན་ལ་ཚོགས་དགོས། ཁོང་གིས་སྨིན་གླིང་ཚེས་བཅུ་ཞིག་བཙུགས་ན་བསམ།
སྐབས་དེར་རྨི་ལམ་དུ། བླ་མས་ལུང་བསྟན་པ་ལྟར། འདི་
རུ་ཡོང་ནས་ཁྱེད་དང་མཇལ་བས་ཁྱེད་ང་ཚོའི་ས་དེར་ཕེབས་དགོས་ཞུས་པས།
ཅི་ཡང་མ་གསུངས། ཉིན་ཞིག་བླ་མས། ཡང་དྲང་སྲོང་ཁྱོད་ཀྱི་
སྨོན་ལམ་ལྟར་འགྲུབ་ཡོང་། ཁྱོད་ཕྱིར་ཕེབས་དང་།
བདག་ཀྱང་ཁྲི་ཀའི་ཇོ་བོ་ལ་མཇལ་བར་ཡོང་དུས།
ང་ཚོ་ལྷན་དུ་འཛོམས་ཡོང་ཞེས་གསུངས་
ཡོད། མཚམས་པ་དེ་ཕྱིར་རང་ཡུལ་དུ་ཡོང་ནས་སྔར་བཞིན་མཁར་ནང་དུ་སྡོད་སྐབས།
སྔར་དང་མི་འདྲ་བའི་སྡེ་བའི་སྔགས་པ་འགའ་རེ་ཡོང་
ནས་མཚམས་པ་ལ།
སྐྱབས་འགྲོ་སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་སོགས་ཀྱི་ཁྲིད་དང་ལུང་ཞུས།
དབང་བཞི་རེ་བླངས་ནས་སྔགས་པ་འགྲོ་
འོང་གི་རྒྱུན་མི་ཆད་པར་ཇེ་མང་དུ་སོང་།
སྔགས་པ་འགའ་རེ་མཚམས་པ་དང་ལྷན་དུ་ཟླ་རེ་སྨིན་གླིང་བླ་མ་གསང་འདུས་ཚར་བཅུ་རེ་བཏོན།
དེ་
ནས་པདྨ་རང་གྲོལ་ནི་རྨ་ཆེན་གངས་བསྐོར་དང་།
བྲག་དཀར་སྤྲེལ་རྫོང་སོགས་ལ་གནས་མཇལ་ལ་ཕེབས་ནས་ཁྲི་ཀའི་ཇོ་བོ་ལྷ་ཁང་ལ་མཇལ་ཏེ་
བཞུགས་སྐབས།
ར་འོག་མཚམས་པས་གདན་འདྲེན་ཞུས་ནས་སྤེན་ཐོག་མ་ཎི་ཁང་ལ་ཕེབས་སྐབས།
དཔོན་པོ་རྣ་བཞིས་བསྙེན་བཀུར་བྱས་ཏེ་སྡེ་
བ་བདུན་གྱི་སྐྱེས་ཕོ་མོ་རྒན་གཞོན་ཀུན་ལ། སྐྱབས་འགྲོ། མ་ཎི།
སྨྱུང་གནས་སོགས་ཀྱི་ལུང་དང་། དགེ་བའི་ཕན་ཡོན། སྡིག་པའི་ཉེས་དམིགས།
ལས་རྒྱུ་འབྲས་ལ་སོགས་བཀའ་ཆོས་གང་མང་གསུངས་ནས།
སེམས་ཅན་ཀུན་གྱི་བློ་ཁ་ཆོས་ལ་བསྒྱུར། དེ་ནས་མཚམས་པས་ཐུགས་རྗེ་ཆེན་པོ་
སྡུག་བསྔལ་རང་གྲོལ་གྱི་དབང་ཞུས་ཏེ་དབང་གསུངས།
དཔོན་པོས་ཐུགས་ཁུར་བཞེས་པའི་སྡེ་བ་སོ་སོ་ནས་སྔགས་པ་ཡོད་ཚད་ལྷན་ཏུ་སྤེན་ཐོག་
མཁར་ནང་དུ་ཚོགས།
མ་ཎི་ཁང་གྱན་གསུམ་ཡོད་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་མ་ཎི་བུམ་སྒྲུབ་བཙུགས།
ཆོས་ཐོག་ཉིན་
བདུན་གྱི་ཉིན་སྤེན་ཐོག་སྔགས་ཁང་ཞེས་མིང་བཏགས།
རབ་བྱུང་བཅུ་པའི་མཇུག་དཔོན་པོ་རྣ་བཞི་ཚེ་ལས་འདས་པ་དང་།
བུ་དཔོན་པོར་གྱུར་
པས་ཆོས་དང་འཇིག་རྟེན་གང་ཅིའི་ཐད་དུ་ཧ་ཅང་ཞན་པས་ར་འོག་མཚམས་པས་འགན་བཞེས་ནས་མ་ཎི་བུམ་སྒྲུབ་རྒྱུན་འཁྱོངས་བྱས།
མཚམས་པ་སྐུ་གཤེགས་སྐབས། ཁོང་གིས།
ང་མཁའ་འགྲོའི་ལུང་བསྟན་ལ་ལུས་བརྗེས་པའི་དུས་ལ་བབས་ཡོད།
ཁྱེད་ཅག་གི་ཆོས་ཐོག་འདི་ཐུགས་
ལ་ཞོག
གུ་རུ་གསུང་བརྗོད་མའི་རྟེན་འདི་རྟེན་གྱི་ཐོག་མ་ཡིན་པས་ཉར་ཚགས་བྱོས།(གུ་རུ་གསུང་བརྗོད་ནི་ཕྱི་ལོ་༡༩༥༨ལོ་བར་དུ་ཡོད།)
རྗེས་སུ་ཁྱེད་ཅག་གི་དགོན་བདག་བླ་མ་ཞིག་བཙལ་དགོས་ཞེས་བསླབ་བྱ་བྱས་རྗེས་སྐུ་འཕོས།
མཚམས་པའི་སྐུ་གདུང་བཞུས་རྗེས། གདུང་ཁང་དུ་
རིང་བསྲེལ་གང་མང་དང་།
དབུ་ཐོད་ནང་དུ་མཁའ་སྤྱོད་མའི་སྐུ་ཆ་ཚང་བ་ཞིག་བྱོན་ཡོད་ཅེས་ངག་རྒྱུན་བཞིན་ནོ།
།
འདི་ནས་གསལ་བཤད་ཅིག་བྱེད་དགོས་པ་ནི།
ར་འོག་མཚམས་པ་ཆོ་རྗེ་བླ་མའི་ཡང་སྤྲུལ་ཡིན་པ་དང་།
སྔགས་རམ་པ་བློ་བཟང་བསྟན་
འཛིན་ནི་ར་འོག་མཚམས་པའི་ཡང་སྤྲུལ་ཡིན་པར་བཤད། ཇི་ལྟར་བྱས་ན།
སྤེན་ཐོག་སྡེ་བ་ན་རྒན་ཕྲུག་ཚང་ཞེས་ཁྱིམ་དེར་སྔགས་པ་ཞིག་ཡོད་
པས་མིང་ལ་ཆོས་སྐྱབས་ཟེར། ཁོ་ནི་མོ་བ་ཞིག་ཡིན་པར་བཤད།
ནམ་ཞིག་གི་ཚེ་ན་དཔོན་ཆོས་སྐྱབས་ལྷ་སར་ཕེབས། ལྷ་ས་ནས་ཕྱོགས་ཕྱོགས་ལ་
གནས་མཇལ་བྱས་ཏེ་གཙང་བཀྲ་ཤིས་ལྷུན་པོ་རུ་སོང་བའི་ཚེ།
པཎ་ཆེན་བསྟན་པའི་ཉི་མས་ནང་འཁོར་གྲྭ་གཡོག་རྣམས་ལ། དེ་རིང་ང་ཚོར་
འགྲུལ་བ་གལ་ཆེན་ཞིག་ཡོང་གི་ཡོད་པས་གདན་ཁྲི་ལེགས་པོ་ཞིག་རྒྱག་དགོས་པ་དང་།
གྲ་སྒྲིག་ལེགས་པོ་བྱོས་ཟེར། གྲྭ་འཁོར་རྣམས་ཀྱིས་ཡང་
ཡང་བལྟས་ཀྱང་འགྲུལ་བ་མ་ཡིན་པར། མཇལ་བ་ཨ་སྐྱོ་འགའ་ཡོང་བར་འདུག
སྐབས་ཤིག་ཏུ་ཁོང་གིས་ཁྱེད་ཚོས་ལྟོས་དང་ད་ཐོན་ཡོད་
གསུངས། ནང་འཁོར་རྣམས་སོང་ནས་འགྲུལ་བ་མེད་པར་མཇལ་བ་འགའ་ཡོད་ཅེས་བཤད་པས།
འོ་དེ་རེད། མཇལ་བ་དེ་འགྲུལ་བ་ཡིན་པས་
ནང་དུ་བོས་ཤོག་གསུངས་ནས།
པཎ་ཆེན་ཁོང་དང་མཉམ་པའི་ཁྲིར་བཞུགས་སུ་བཅུག་ནས་གསུང་རྒྱུར།
བདག་གིས་སྨོན་ལམ་ནང་དུ་བཏབ་
པས། དབུས་གཙང་རུ་བཞི་ལས་མ་འདས།
ཁྱེད་ཀྱིས་སྨོན་ལམ་ཕྱི་རུ་བཏབ་པས་ཁྱེད་མདོ་ཁམས་སྒང་དྲུག་གི་གནས་ནས་སྐྱེ་བ་གཉིས་བླངས་
པའི་སྐྱེ་བ་དང་པོར། རབ་བྱུང་བླ་མའི་སྐྱེ་བ་དང་།
སྐྱེ་བ་གཉིས་པར་གོས་དཀར་ལྕང་ལོ་ཅན་གྱི་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན།
ད་ལྟའི་སྐྱེ་བའང་ལྕང་ལོ་འཆང་ཞིང་། ད་ནི་རབ་ཏུ་འབྱུང་དགོས།
བདག་གི་སྐུ་སྔོན་མའི་ཡོངས་འཛིན་དམ་པ་ཡིན་པས། ད་ལྟ་ལྷན་དུ་འཛོམས་
པ་ནི་བཀའ་དྲིན་ཆེ་ཞིང་རྣམ་པར་དག་པའི་སྤྲོ་སྣང་ལྡན་པ་ཡིན་པས་བཀའ་དྲིན་ཆེ་ཞེས་གསུངས།
མཇལ་བ་ལ་ལ་ཕྱིར་ཡོང་བ་དང་། ལ་ལ་བཀྲ་
ཤིས་ལྷུན་པོར་གྲྭ་པ་བྱས་ཟེར།
སྔགས་རམས་པ་བློ་བཟང་བསྟན་འཛིན་ཞེས་བླ་ཐོབ་གནང་ནས།
པཎ་ཆེན་བསྟན་པའི་ཉི་མའི་སློབ་དཔོན་དུ་
བཞུགས་པར་བཤད། ར་འོག་མཚམས་པའི་སྐྱེས་རིམ་དང་ལོ་རྒྱུས་ཀྱི་སྐབས་སོ། །
དུས་རིམ་གཉིས་པ་ནི།
འགྲིག་བདག་དཔོན་པོ་མེད་པ་དང་། ཆོས་བདག་གི་བླ་མ་མེད་པར་བརྟེན།
གྲུབ་མཐའི་ཕྱོགས་ལྷུང་དང་དུས་ཀྱི་
དར་རྒུད་ཀྱི་རྐྱེན་བྱས་ཏེ་དགོན་པ་ཉམས།
སྡུག་བསྔལ་རང་གྲོལ་གྱི་བུམ་སྒྲུབ་ཀྱང་རྒྱུན་ཆད་དེ་སྔགས་པ་རྣམས་ཀྱང་ཇེ་ཉུང་དུ་སོང་བས་མ་ཎི་
འཁོར་ལོ་མ་གཏོགས་མེད་པར་གྱུར། ཕྱིས་སུ།
སྤྱང་ལུང་ནམ་མཁའ་འཇིགས་མེད་ཚང་ཨ་ཆུང་གནམ་རྫོང་རྩེར་བཞུགས་སྐབས།
ཨ་ཀོང་སྔགས་
པ་ཚང་གི་སྔགས་པ་དཔལ་ཆེན་བཀྲ་ཤིས་ཟེར་བ་དང་།
བ་བཙོང་སྔགས་པ་རྣམ་རྒྱལ་གཉིས་ཀྱིས་སྐབས་དེར་གནམ་རྫོང་ན་བཞུགས་པའི་གྲུབ་
དབང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཚང་ལ་མཇལ་བ་དང་།
བཀའ་ཆོས་ཀྱི་བདུད་རྩིས་རང་རྒྱུད་བརླན་པར་བྱས་ནས། བུ་སློབ་ཏུ་གྱུར་
པས་ཁོང་ལས་སྔོན་འདས་པའི་དུས་ན།
ང་ཚོ་སྐེ་བ་ན་སྤེན་ཐོག་སྔགས་ཁང་ཞེས་པ་ཞིག་ཡོད། ད་སྐབས་ཉམས་སོང་བས་མེད།
ཐོག་མ་པདྨ་རང་
གྲོལ་ཞེས་པས་བཏབ་ཅེས་ངག་རྒྱུན་སོགས་ཞུས།
ས་བོན་འདི་ནི་པདྨ་རང་གྲོལ་གྱིས་མ་ཎི་བུམ་སྒྲུབ་འཛུགས་སྐབས་མཇུག་སྨོན་ན་རབ་བྱུང་བཅུ་
བྲིས་པ་གཞིར་བྱས།
གྲུབ་དབང་ཚང་གིས་མི་འགྱངས་པར་ང་རང་ཕེབས་ཡོང་ཞེས་ཞལ་བཞེས་གནང་སོང་།
ཁོང་གིས་ཆོས་དབྱིངས་སྟོབས་ལྡན་
རྡོ་རྗེ་ཡང་ཀླུ་ཕུག་པདྨ་འོད་དུ་བཞུགས་ཟེར་བ་དེར་གནས་དེར་བལྟ་དགོས་ཞེས་གསུངས།
སྐབས་དེར་ཁམས་རའི་སྔགས་པ་རྣམས་ཀྱི་རེ་འདོད་
ལྟར་སྔོན་བྱུང་ལྷ་ལུང་དཔལ་རྡོར་གྱི་དུས་སུ་ཡོད་པའི་འདུ་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཞིག་གསོ་མཛད་དེ་ཁམས་རའི་སྔགས་པ་འགའ་
བསྡུས།
སྔགས་པ་གྲྭ་ཚང་གི་མཚན་གསོལ་བ་ལ་གསང་སྔགས་དར་རྒྱས་གླིང་ཟེར་བར་གྲགས།
དེ་དུས་རབ་ཡིད་ཤིང་ཁྱི་ཕྱི་ལོ་༡༨༤༤ལོ་ཡིན།
དེའི་ཕྱིར་ལོར།
དགུ་རོང་སྐུ་ཐོག་མ་ནམ་མཁའ་འཇིགས་མེད་རྡོ་རྗེ་སྐེ་བ་གདན་དྲངས་པར་ཕེབས་ནས།
དཔོན་པོ་དོན་གྲུབ་ཟེར་བས་བསྙེན་
བཀུར་བྱས།
སྐེ་བ་སླེས་བདུན་གྱིས་བསྙེན་བཀུར་བྱས་ནས་བཀའ་ཆོས་མང་པོ་ཞུས་ཤིང་།
དབང་ལུང་ཡང་མང་པོ་གནང་ནས་དགེ་སྡིག་དབྱེ་
འབྱེད་ཀྱི་ཆོས་གསུངས་ནས་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར།
དགུ་རོང་སྐུ་ཐོག་མ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གིས་དཔོན་
པོས་རྒྱབ་སྐྱོར་དང་།
ཨ་ཀོང་དཔལ་ཆེན་བཀྲ་ཤིས་དང་བ་བཙོང་རྣམ་རྒྱལ་གཉིས་གཙོ་བྱས་སྔགས་པ་རྣམས་ཀྱི་རེ་བ་ལྟར།
སྤེན་ཐོག་སྔགས་
དགོན་དེ་སླར་གསོ་བྱས་ཏེ་མ་ཎི་བུམ་སྒྲུབ་ཡང་བསྐྱར་བཙུགས་ཏེ་སྐབས་ཡོད་ཀྱི་སྔགས་པ་རྣམས་དང་།
སྔགས་པ་གསར་བ་འགའ་ཡང་བསྡུས་
ཏེ་སྤེན་ཐོག་སྔགས་ཁང་དེ་སྐེ་བའི་སྔགས་ཁང་ལ་བསྒྱུར།
ཕུན་ཚོགས་བསམ་གཏན་གླིང་ཞེས་མཚན་གསོལ་ཏེ་སྔགས་པ་རྣམས་ལ། འགྲིག་ལམ་
ཀུན་སྤྱོད་དང་། ཆང་ནག་དུ་འཐེན།
རྐུ་འཕྲོག་བཅོམ་གསུམ་སོགས་མེད་པར་སྔགས་པའི་དམ་ཚིག་ཚུལ་བཞིན་དུ་སྲུང་བའི་མཚམས་སྒྲུབ་སྦྱོང་
བྱེད་རྒྱུའི་འགྲིག་ལམ་དམ་པོ་བཅོས་ནས་འགྲིག་བདག་དཔོན་པོ་ལ་བཅོལ།
རེབ་གོང་ཁྱུང་མགོན་གླིང་གི་བུ་དགོན་དུ་གྱུར་པར་མ་ཟད། རེབ་
གོང་ཕུར་ཐོགས་སྟོང་གི་གྲོས་སུ་ཆུད།
གྲུབ་དབང་ཚང་ལོ་གཅིག་དང་ཕྱེད་ལ་སྐེ་བ་ནས་རྒྱུན་བཞུགས་གནང་།
དེ་དུས་རབ་ཡིད་ཤིང་ཕག་ཕྱི་ལོ་
༡༨༡༥ལོ་ཡིན། གྲུབ་དབང་ཚང་གིས།
དགོན་པ་ཞིག་ཡིན་ན་ཆོས་སྐྱོང་དྲག་རྩལ་ཅན་ཞིག་དགོས་ཞེས་གསུངས།
མ་གཟའ་རྡོར་གསུམ་དང་ཁྱད་
པར་དུ་དམ་ཅན་ལ་དད་པས་ཚང་མའི་རེ་བ་ལྟར་དམ་ཅན་ལྷ་ལྔའི་བཙན་ཁང་བཞེངས།
གྲུབ་དབང་ཚང་གིས་འབག་བཟོས་ཏེ། ཆོས་སྐྱོང་དམ་
ཅན་ལྷ་ལྔ་བཞེངས་དེ་མཐུ་རྩལ་དྲག་པོའི་བཀའ་སྒོས་དམ་བཅས་དགག
དེ་ནས་དགོན་པ་རིམ་གྱིས་དར་རྒྱས་སུ་སོང་། །
ངག་རྒྱུན་འདི་ནི།
ཨ་ཀོང་བཟང་བོ་ཞེས་པ་ལོ་༡༡༣ཅན་སྤེན་ཐོག་དགེ་བོ་ཞེས་པ་ལོ་༩༦ཅན་སྐེ་བའི་དཔོན་པོའི་དཔོན་རབས་གསུམ་གྱི་
བཀའ་བློན་ཡིན། དེ་གཉིས་ལ་དགོན་པ་གཉིས་ཀྱི་ལོ་རྒྱུས་དང་།
སྐེ་བའི་ས་མཚམས་ཆུ་མཚམས་སོགས་གསལ་བོའི་ངག་རྒྱུན་ཡོད། སྐྱེས་ཆེན་དམ་
པ་མང་པོས་དགོན་པ་རྒྱ་བསྐྱེད་ཚུལ་ནི།
དགུ་རོང་སྐུ་ཐོག་གོང་མ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཚང་གིས་སྐེ་བའི་སྔགས་པ་གྲྭ་ཚང་
བསྐྱར་འདེབས་བྱས་ནས། ཕྱིར་ཨ་ཆུང་གནམ་རྫོང་ལ་ཕྱག་ཕེབས་མཛད།
ཕྱིས་སུ་ཨ་ལགས་སྐ་གསར་ཞེས་པ་སྐེ་བ་ལ་ཕེབས། སྐ་གསར་གྱི་ཕྱག་
ཡུལ་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་སྐ་གསར་སྡེ་བ་ཡིན།
གཞོན་དུས་ནས་རྫོགས་ཆེན་དགོན་པར་སོང་སྟེ་བླ་མ་བསྟེན་ཏེ་རིག་པའི་གནས་
རྣམས་དང་། དཔེ་ཆའི་གཞུང་མང་ཁྲིད་སྦྱངས་ལེགས་བརྩོན་བྱས་རྗེས།
གངས་ཁྲོད་གོང་འོག་ཏུ་སོང་ནས་ཉམས་ལེན་དང་། ཟབ་སྦྱངས་ལེགས་
པར་བྱས་ནས་ལོ་མང་ལ་བཞུགས་ཏེ་རྟོགས་པ་མཆོག་ལྡན་དུ་གྱུར།
ཕྱིར་རང་ཡུལ་ལ་ཕེབས་ནས་རེབ་གོང་སྒྲུབ་གནས་སོ་སོར་གནས་འབྲེལ་
བཞག ཁྱུང་དགོན་རི་ཁྲོད་དུ་སྒྲུབ་པ་ལ་གཞོལ་སྐབས།
སྔ་འགྱུར་རྙིང་མ་བའི་བསྟན་པ་སྤེལ་བའི་ཆེད་དུ།
དགུ་རོང་སྐུ་ཐོག་མ་དཔལ་ཆེན་ནམ་
མཁའ་འཇིགས་མེད་ཀྱིས།
ཁྱེད་ནི་ཁྲི་ཀ་སྐེ་བའི་སྔགས་པ་གྲྭ་ཚང་ལ་སོང་ནས་གདུལ་བྱ་སྐྱོང་དགོས་པའི་ཞལ་གསུངས་བབས།
ཨ་ལགས་སྐ་
གསར་ཚང་ནི། དཔལ་ཆེན་ནམ་མཁའ་འཇིགས་མེད་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ།
གྲུབ་དབང་པདྨ་རང་གྲོལ་སོགས་ཀྱི་བླ་བརྒྱུད་
དང་།
ཆོས་བརྒྱུད་དབང་ལུང་ཁྲིད་བརྒྱུད་ཀྱི་མན་ངག་ཆུ་བོ་གཅིག་འདྲེས་སུ་ཡིན།
གོང་བ་སྐེ་བའི་སྔགས་པ་གྲྭ་ཚང་ནི། རྫོགས་ཆེན་དགོན་པའི་
བུ་དགོན་དང་། ཁྱུང་དགོན་གླིང་གི་བུ་དགོན་དུ་གྱུར་ནས།
ཕུར་ཐོགས་སྟོང་གི་གྲོས་སུ་ཚུད་པ་ཡིན་པར་བརྟེན། ཨ་ལགས་སྐ་གསར་ཚང་། དཔལ་
ཆེན་ནམ་མཁའ་འཇིགས་མེད་ཚང་གིས་མངགས་བཅོལ་ལྟར་ཕེབས་ནས་དགོན་པ་སྐྱོང་བའི་གདུལ་བྱ་ལ་གཟིགས།
ཨ་ལགས་སྐ་གསར་ཚང་གོང་
བ་སྐེ་བ་རུ་ཕེབས་ནས་ས་སྐྱོང་མི་ཡི་དབང་བོ་དཔོན་པོ་དོན་གྲུབ་ཞེས་པས།
རྒྱལ་སྲིད་དང་ཆོས་སྲིད་ལུགས་གཉིས་ཚུལ་བཞིན་དུ་བསྐྱངས། སྐ་
གསར་ཚང་མཁར་ནང་དུ་མ་ཎི་ཁང་དང་།
མཚམས་ཁང་ཞིག་ཡོད་པར་གདན་འདྲེན་ཞུས་ནས་བཞུགས།
དཔོན་པོས་བླ་མ་ལ་བསྙེན་བཀུར་
དང་རྒྱབ་སྐྱོར་བྱས་འོག་སྡེ་བ་སོ་སོ་ན་ཡོད་པའི་སྔགས་པ་འགའ་དང་།
ཁྱིམ་མི་ཕོ་མོ་ཆེ་ཆུང་ཀུན་ལ། དབང་ལུང་ཁྲིད་གསུམ་དང་། མ་ཎི། སྨྱུང་
གནས། བསམ་ལྷུན། ལམ་སེལ། སྒྲོལ་མ།
མ་རུ་ཙྱཻ་སོགས་ཀྱི་ལུང་ཡང་མང་པོ་གསུངས་པ་དང་། དགེ་བའི་ཕན་ཡོན་དང་།
སྡིག་པའི་ཉེས་དམིགས།
ལས་རྒྱུ་འབྲས་ལ་སོགས་པའི་བཀའ་ཆོས་མང་པོ་གསུངས་ནས།
འཆད་རྩོད་རྩོམ་གསུམ་དང་། འཛིན་སྐྱོང་སྤེལ་གསུམ་གྱིས་སྔགས་པ་ཀུན་ལ་ཟབ་
ཆོས་ཨ་ཏི་ཟབ་དོན་གྱི་ཁྲིད་དང་། སྐྱབས་འགྲོ། སེམས་བསྐྱེད། མཎྜལ།
བླ་མའི་རྣལ་འབྱོར། དབང་བཞི་ལ་སོགས་པའི་ཁྲིད་བརྒྱབ་ནས། སེམས་
ཅན་བློ་ཁ་ཆོས་ལ་ཕྱོགས་པ་དང་། བླ་མ་ལ་དད་འདུན་ཇེ་ཆེར་སོང་།
ཁོང་གི་གདུལ་བྱའི་དུས་ལ་བབས་པའི་སྐེ་བ་ནས་བསྟན་པའི་བ་དན་
ཕྱོགས་བཅུར་རྒྱས་སོ། །
རེ་ཞིག་ནས།
སྔགས་པ་དཔལ་ཆེན་བཀྲ་ཤིས་དང་།
སེར་སྲུང་སྔགས་པ་རྣམ་རྒྱལ་གཉིས་གཙོ་བྱས་ནས་སྔགས་པ་རྣམས་ཀྱི་རེ་བ་ལྟར།
འདུ་
ཁང་ཞིག་མེད་ན་མ་ཎི་བུམ་སྒྲུབ་ཚོགས་ས་མེད་པས་སྡེ་བ་སོ་སོར་ཚོགས་ན་སྟབས་བདེ་མིན་ཚུལ།
དཔོན་པོ་དང་བླ་མ་ལ་ཞུས། དཔོན་པོས་སྐེ་
བའི་གླེ་བདུན་གྱི་མི་སྣ་རྣམས་ལ་གྲོས་བྱས་ཏེ་གྲོས་འཆམ་བྱུང་།
འདུ་ཁང་ལས་བྱེད་ཀྱི་ཤིང་ཆ་དང་། དཔལ་འབྱོར་གཙོ་བོ་གླེ་བདུན་ནས་བྱིན་ཏེ།
འདུ་ཁང་། ཇ་ཁང་། མགྲོན་ཁང་། མཛོད་ཁང་།
གཞན་ཡང་ཨ་ལགས་སྐ་གསར་ཚང་ལ་གཟིམ་ཁང་ལ་སོགས་པའི་མཁར་ནང་དུ་ཁང་བས་བཀང་
བར་བྱས་ཏེ་མྱུར་འགྲུབ་བྱུང་།
དེར་སྡུག་བསྔལ་རང་གྲོལ་མ་ཎི་བུམ་སྒྲུབ་ཀྱི་ཆོས་ཐོག་དེ་འདུ་ཁང་དུ་ཚོགས་ནས།
རྟེན་བཞེངས་བྱེད་པར་ཁོང་གི་
ཞལ་གྱིས་བཞེས་ནས། ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་དང་།
སློབ་དཔོན་ཚེ་དབང་རིག་འཛིན་གྱི་འབག་སྐུ་ཡབ་ཡུམ་གསུམ།
སྒྲོལ་མའི་འབག་སྐུ་
བཅས་ཁོང་སྐུ་དངོས་ཀྱིས་བཞེངས།
སྔགས་པ་ཡང་ཇེ་མང་དུ་གྱུར་ཏེ་༥༠ནས་༦༠ཡས་མས་སུ་འཕེལ།
དེ་དུས་སྔགས་པ་རྣམས་ཀྱི་རེ་བ་ལྟར་
འཆམ་ཞིག་ཕུད་རྒྱུའི་རེ་འདུན་དཔོན་པོ་དང་བླ་མར་ཞུས་པར།
ཁོང་གིས་རང་ཉིད་ཀྱིས་ཤེས་པའི་རྫོགས་ཆེན་སྨིན་གླིང་ཚེས་བཅུའི་འཆམ་མ་
མགོན་སྡེ་ལྔ་འཁྲིད་རྒྱུ་ཞལ་གྱིས་བཞེས། བླ་མར་རྟོགས་པ་མཆོག་དང་ལྡན་པས།
ཆོས་སྐྱོང་གང་ཞིག་གི་ཞལ་འབག་བཟོ་བའི་དུས་ཆོས་སྐྱོང་དེའི་
བསྐང་བ་བསྒྲུབས་པ་དང་ཆོས་སྐྱོང་སོགས་ཀྱི་ཞལ་གཟིགས་ཐོན་རྗེས།
ད་གཟོད་ཞལ་འབག་གྲུབ་པར་བཤད། དཔེར་ན། གཟའ་མཆོག་གི་ཞལ་
འབག་བཟོས་ནས་ལེགས་པོར་མ་འགྲུབ་པར།
གཟའ་བསྐང་བྱེ་བ་གཅིག་བཏོན་རྗེས་ཞལ་འབག་གྲུབ་སོང་ཞེས་བཤད་རྒྱུན་བཞག་ཡོད་པར་མ་
ཟད།
ད་སྐབས་ཀྱང་གཟའ་ལ་འཆམ་འབུད་སྐབས་འཆམ་ལ་ལྟ་མཁན་ཚོ་ཐོད་གཏུག་ཏུ་འཇུག་མི་ཉན།
བསྡད་ཚེ་གཟའ་ཁེལ་ཡོང་ཞེས་བཤད་
ཀྱང་བཤད་ལ་བདེན་ཡང་བདེན་ཏེ། དེ་འདྲ་ཐེངས་འགའ་བྱུང་མྱོང་།
དེ་བཞིན་ཨ་ལགས་སྐ་གསར་ཚང་ལྷ་བཟོ་ཡིན་ལ་རྟོགས་ལྡན་ཡང་ཡིན་
པས་རྟོགས་པའི་སྒོ་ནས་བཟོས་པར་བཤད།
ཨ་ལགས་སྐ་གསར་ཚང་གིས་དེ་ལྟར་སྔགས་པ་གྲྭ་ཚང་སྐྱོང་བའི་ཆོས་ཁྲིད་དང་སྒྲུབ་སྦྱོང་ལྷོད་མེད་
དུ་བྱས་ནས་བཞུགས།
གཞན་ཡང་ཅོག་རོང་བཤད་སྒྲུབ་རྒྱ་མཚོ་ཡང་ཐུགས་འདང་ཧ་ཅང་ཆེ་བས་འཆམ་ཕུད་པའི་རོགས་སྒྲུབ་དང་།
ཨ་ལགས་
སྐ་གསར་ཚང་ཡང་ཅོག་རོང་གྲྭ་ཚང་ནས་བཞུགས་ཏེ།
ཁོང་ཚོས་གྲུབ་མཐའ་རིས་མེད་ཀྱིས་ཕན་ཚུན་ཆོས་ཀྱི་བགྲོ་གླེང་གང་མང་བྱས་ནས་ཁོང་
གཉིས་ཕན་ཚུན་ཐུགས་འདང་ཧ་ཅང་ཆེ་བར་གསུངས།
སྐེ་བའི་འཆམ་ཕུད་པར་རོགས་བྱས་ཏེ་བཤད་སྒྲུབ་རྒྱ་མཚོ་ཚང་གིས་རྒྱ་ནག་ནས་འཆམ་
ལ་ཉོས་ཡོང་བའི་ལམ་དུ་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟབས།
འཆམ་ལྭ་གཉིས་མ་གཏོགས་མ་འབྱོར་བར་བཤད། དེའི་སྐབས་སུ་རབ་
བྱུང་བཅུ་བཞི་པའི་མཇུག་དང་བཅོ་ལྔ་པའི་མགོ་ཡིན་པར་སྣང་།
ཕྱིས་སུ་དགུ་རོང་སྣ་ཚོགས་རང་གྲོལ་ཚང་ཡང་གསང་སྔགས་བསྟན་པ་འཛིན་
སྐྱོང་སྤེལ་གསུམ་གྱི་ཆེད་དུ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་སྔགས་དགོན་ཕུན་ཚོགས་བསམ་གཏན་གླིང་ཕྱག་བཏབ།
དགུ་རོང་སྣ་
ཚོགས་རང་གྲོལ་ནི་སྐུ་ན་ཕྲ་མོའི་དུས་ནས་མཁྱེན་རབ་ཀྱི་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་ནི་ཁོང་དགུང་ལོ་ཉེར་གཅིག་གི་སྟེང་
བརྩམས་པའི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་གསོལ་འདེབས་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་ལས་ཁོང་གི་མཁྱེན་
རབ་དང་རྣམ་དཔྱོད་ལྡན་པ་གསལ་བར་མཚོན་ཡོད།
དགུ་རོང་སྣ་ཚོགས་རང་གྲོལ་ཡང་མཛད་པ་འཕྲིན་ལས་ལ་ཁོང་གི་གདན་ས་དགུ་རོང་མ་
ཎི་ཐང་གཙོས་མདོ་སྨད་ཨ་ཆུང་གནམ་རྫོང་གི་མ་དགོན་གསང་སྔགས་བསྟན་རྒྱས་གླིང་སོགས་དགོན་སྡེ་མང་པོ་དང་།
ཁམས་ར་རྫོང་ཆེན་བཅོ་
བརྒྱད་ཀྱི་དབུས་རྫོང་དབེན་འབྱུང་ནམ་མཁའ་རྫོང་རྩེ་ནས་ཁོང་ལ་གཟིམ་ཁང་བཞེངས་སྐབས།
ས་འོག་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་
ཞིག་རྙེད་པའི་རྟེན་འབྲེལ་ལས་ཁོང་གི་སྐུ་ཕྲེང་རིམ་བྱོན་མདོ་སྨད་ཀྱི་ཐེག་པ་རིམ་དགུའི་ཆོས་བདག་ཡིན་པ་དང་།
ཐེག་དགུའི་རྩེ་མོ་ཨ་ཏི་ཡོ་
གའི་ཐེག་པ་ཡུལ་འདིར་དར་རྒྱས་སུ་འགྲོ་བའི་རྟེན་འབྲེལ་ཡང་མ་སྒྲིག་རང་འགྲིགས་སུ་བྱུང་བར་གྲགས།
མཆོག་སྤྲུལ་སྣ་ཚོགས་རང་གྲོལ་ནི་
དད་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་ཏུ་གྱུར་པ། གཅན་ཚ་ཉིན་སྲིབ།
རྨ་ལྷོ་བྱང་རྒྱུད། ཁྲི་ཀ་དང་། ཁྱད་པར་དུ་ཁམས་རའི་སྔགས་
མང་དང་། སྐེ་བའི་སྔགས་མང་སོགས་ལ་ཚོགས་འདོན་སྐོར་དང་དབང་ལུང་།
བཀའ་ཆོས་མང་པོ། བཀའ་བརྒྱད་བདེ་འདུས། གུར་དྲག རྟ་མགྲིན་
གསང་སྒྲུབ། རཏྣའི་སེང་གདོང་། སྙིང་ཐིག་སེང་གདོང་།
ན་ག་རཀྵ་སོགས་ཀྱི་དབང་ལུང་དང་། འཇམ་དབྱངས་ནག་པོ། ཨ་ཏི་ཟབ་དོན་གྱི་ངན་
འགྲོ། ལེའུ་བདུན། དྲི་མེད་བཤགས་རྒྱུད་སོགས་ལུང་མང་པོ་དང་།
མ་གཟའ་རྡོར་གསུམ་དང་མགོན་པོ་ཚོགས་བདག ལྷ་མོ་རེ་མ་ཏི་སོགས་ཆོས་
སྐྱོང་རྣམས་ཀྱི་སྲོག་གཏད་དད་ལྡན་རྣམས་ལ་བསྩལ། །
ཐེངས་རྗེས་མར་སྐེ་བར་ཕེབས་ནས།
བཤད་རྒྱུན་དུ་བརྟེན་པ་དམ་ཅན་རྡོར་ལེགས་ནི་ཧ་ཅང་དྲག་རྩལ་ཆེ་དྲགས་པ་དང་བཀའ་དོག་པ་
འདུག་ཞེས་ཞུས་ནས།
ཁོང་གིས་ཆོས་སྐྱོང་ཇེ་ཞི་རུ་བཅོས་པར་ཀུན་གྱིས་གླེང་ཤིང་།
དེ་ནས་བྲག་དཀར་སྤྲེལ་རྫོང་གནས་སྐོརƁ |