|
གཞན་ཡང་དགོན་གནས་འདི་ནས་སྐྱེས་ཆེན་དམ་པ་བར་མ་ཆད་པ་བྱོན་པ་ལས་གྲགས་ཆེ་བ་འགའ་ཞིག་ཞུ་བ་ནི།
རྭ་ཉག་དགོན་གྱི་ཁམས་
མགྱོགས་སྤྲུལ་སྐུའམ་ཁམས་པ་སྤྲུལ་སྐུ་ཞུ་བ་འཛོམ་ཉག་རྒྱ་པ་ཚང་དུ་འཁྲུངས།
དེ་སྐབས་སྒ་པ་རི་ཆེན་ཚོ་དྲུག་གི་དཔོན་ཁམས་མགྱོགས་ཚང་ཡིན་
པས་བསམ་འགྲུབ་དགོན་དུ་དགུ་ཆེན་དང་གར་འཆམ་བཙུགས་ཤིང་དེའི་རྟེན་ཐོར་མེ་ཏོག་མདོང་བདུན་ཞེས་དགོན་འདིའི་མཆོད་སྡེ་མ་ཡིན་པའི་
ཉེ་སྐོར་གྱི་སྡེ་ཁག་རྣམས་ལས་ལོ་རེ་བཞིན་ནས་ཁྲལ་བསྡུ་ཆོག་པའི་མཛད་པ་རབ་རྒྱལ་ས་ཁྱིའི་བར་ཡོད།
ཉིད་ཀྱི་སྐུ་ཆས་འཆམ་གོས་སྤུས་ལེགས་
ཡོད་པ་གྲྭ་པ་སྐུ་གཟུགས་ཤིན་ཏུ་རིང་པོ་ཞིག་མེད་ན་གྱོན་མི་ཐུབ་པས་ཁམས་པ་སྤྲུལ་སྐུའི་སྐུ་གཟུགས་ཧ་ཅང་ཆེན་པོ་ཡོད་པ་མངོན།
རྭ་ཉག་དགོན་
གྱི་རོང་ཐ་སྐྱབས་མགོན་ཆེ་ཚང་ཡང་འཛོམ་ཉག་ཏུ་འཁྲུངས་ཤིང་གཟིགས་སྐྱོང་ཚད་མེད་གནང་།
ཁམས་མགྱོགས་དང་རོང་ཐ་སྐྱབས་མགོན་ཆེ་ཚང་
ཁག་གི་སྐུ་ཕྲེང་རྗེས་མ་རྣམས་བསམ་འགྲུབ་དགོན་དུ་ཕེབས་སྐབས་ཕ་ཡུལ་དུ་ཕེབས་པ་ཡིན་ཞེས་མགྲོན་ཆས་དང་མཆོད་ཆས་སོགས་ཀྱང་མི་འཛིན་
པར་བསམ་དགོན་རང་གི་བླ་མ་རང་ཡུལ་དུ་ཕེབས་པ་ལྟར་མཛད།
ཨ་རྟོགས་བཀྲ་ཤིས་སྒང་དགོན་གྱི་མགར་སྤྲུལ་སྐུ་ཕྲེང་དྲུག་པ་འཛོམ་ཉག་ཤིང་བཟོ་ཚང་དུ་འཁྲུངས།
མཁྱེན་རབ་ཀྱི་རྩལ་རྫོགས་ཤིང་མཛད་པ་ཕྲིན་
ལས་ཤིན་ཏུ་རྒྱས་པས་བཀྲ་ཤིས་སྒང་དགོན་གྱི་བསྟན་པ་ལེགས་པར་བསྐྱངས་ཏེ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཙམ་ལ་གཤེགས།
ཨ་ཁུ་ཀུན་དགའ་ཤེས་རབ་ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གྲུབ་པར་མངའ་བརྙེས་ཤིང་།
མྱ་ངན་ལས་འདས་པའི་གདུང་རུས་ལ་དཔལ་
རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་ཕྱག་དང་སྤྱན་མིག་སོགས་ཤིན་ཏུ་གསལ་བར་བྱོན།
དེའི་ཡང་སྲིད་རབ་བྱུང་བཅོ་ལྔ་པའི་ས་སྟག་ལ་ཀྲེ་
གུ་གྲོང་དུ་འཁྲུངས་ཤིང་མཚན་ནོར་ལུ་ཞུ།
ཆུང་ངུ་ནས་རབ་ཏུ་བྱུང་ཞིང་ཐོས་བསམ་དོན་དུ་གཉེར།
དགུང་ལོ་ཉི་ཤུ་པའི་མེ་བྱ་ལ་ངོར་ཨེ་ཝཾ་ཆོས་
ལྡན་དུ་གྲྭ་སར་ཕེབས།
བསྙེན་པར་རྫོགས་པའི་མཚན་ལ་འཇམ་དབྱངས་དགེ་ལེགས་ཕུན་ཚོགས་གསོལ།
ལམ་འབྲས་ས་སྐྱའི་ཆོས་སྐོར་རྣམས་གསན་
ནས་སླར་ཕེབས་ཏེ་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་པ་ལ་ཡུན་རིང་བཞུགས།
ཉིད་ཀྱིས་སྐུ་ཚེ་གང་པོར་མགོན་དཀར་ཡིད་བཞིན་ནོར་བུ་
ཡི་དམ་དུ་བཟུང་བས་བསྙེན་པ་དུང་ཕྱུར་འགའ་གསུངས།
སྐབས་ཤིག་ལ་ཁོང་གི་སྐུ་མཆེད་རྣམས་ཀྱིས་གཞན་དང་འཁོན་རྩོད་ཤོར་བ་སོགས་ཀྱིས་
བཞུགས་མི་བདེ་བ་ཅུང་ཙམ་བྱུང་བ་དགེ་བ་བསྒྲུབ་པའི་བར་ཆད་དུ་དགོངས།
སྐུ་མཚམས་ལས་གྲོལ་ཏེ་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ཞིག་ལ་
འབྲི་ཆུའི་དར་བུད་དེ་ཐོག་མར་སྒ་སྟོད་སྤང་ཤར་དགོན་དུ་ཕེབས།
རྡོ་མགར་སྤྲུལ་སྐུའི་དྲུང་དུ་ཟླ་བ་ཁ་ཤས་དང་དེ་ནས་རྣལ་འབྱོར་གྱི་སྤྱོད་པས་
རྡོག་ཁྲེས་དང་དཔེ་ཆ་རྣམས་བསྣམས་ཏེ་ཁམས་སྟོད་ཤུལ་མའི་དགོན་དུ་ཟླ་འགའ་བཞུགས།
ཡང་བ་རབ་དགོན་གྱི་མཁན་པོ་དཔལ་རབ་ཀྱི་ཤག་
ཏུའང་ཅུང་བཞུགས། ཁྲི་པ་སྙན་བློའི་དྲུང་ནས་ཆོས་ཚན་འགའ་གསན་ཅིང་ཟླ་བ་འགའ་ལ་ཡི་གེ་བྲིས།
གཏན་དུ་བཞུགས་པར་ཞུས་ཀྱང་གཅིག་པུ་
སྒྲུབ་པ་ལ་གོམས་པས་མ་གསན་པར་ཀ་བཞི་ལ་བྱོན།
དྲེལ་དཀར་ཕུག་ཏུ་ཟླ་འགའ་བཞུགས། དེར་རྐུན་མའི་གནས་བཅའ་བ་སོགས་བཞུགས་མི་
བདེ་བ་ཅུང་བྱུང་བས་ཉི་ཟླ་ཁ་མདོར་ཕེབས།
མི་ཞིག་བྱུང་བ་ལ་རྟེན་འབྲེལ་བརྟག་དགོངས་ཏེ། ཁྱེད་སུ་ཡིན། ས་འདིའི་མིང་ལ་ཅི་ཟེར་གསུངས་
པས། དེས། ང་ལ་དར་རྒྱས་བཀྲ་ཤིས་དང་།
ས་འདི་ལ་ཉི་ཟླ་ཁ་མདོ་ཟེར། ཕ་གིའི་ཕུག་པ་ལ་སེ་བཙུན་སྒྲུབ་ཕུག་གམ་དམ་ཅན་ཕུག་ཟེར་ཞིང་དམ་
ཅན་རང་བྱོན་ཡོད།
སྔོན་བླ་མ་སེ་བཙུན་དང་དགེ་བ་ཚུལ་ཁྲིམས་སོགས་ཀྱི་སྒྲུབ་ཕུག་ཡིན་ཟེར་བ་ན།
ཕུག་པའི་མིང་གསན་མ་ཐག་དེར་བཞུགས་
པའི་ཐུགས་སྤྲོ་བ་དཔག་མེད་འཁྲུངས་ཤིང་རྟེན་འབྲེལ་ལེགས་པར་དགོངས།
ཕྱི་ཉིན་ཡང་ཕྱིང་པ་དཀར་པོ་ནག་ནོག་གི་དྲི་མ་མེད་པ་ཞིག་དང་
ཞོ་ཟོ་བ་གང་འབུལ་མཁན་བྱུང་བས་རྟེནའབྲེལ་ཁྱད་པར་དུ་བཟང་དགོངས་ནས་གནས་དེར་སྒྲུབ་པར་བཞུགས།
ཁོང་གི་སྙན་པ་ཕྱོགས་མཐར་
ཁྱབ་སྟེ་འབུལ་དངོས་དཔག་མེད་བྱུང་བ་ལས་ཉིད་ཀྱི་གསོལ་ཆས་ཙམ་མ་གཏོགས་དགེ་རྩར་བཏང་སྟེ།
མ་ཎི་དང་། ཡིག་བརྒྱ། ཐར་མདོ། ཞི་ཁྲོ་
དམ་པ་རིགས་བརྒྱ། སྲིད་པའི་འཁོར་ལོ།
ཐུབ་པ་རིགས་དྲུག ཕྱག་སྟོང་སྤྱན་སྟོང་། མགོན་དཀར་ཡིད་བཞིན་ནོར་བུ་སོགས་རྡོ་ལ་བརྐོ་བའི་ཡོན་
གནང་ནས་བཞེངས་པའི་རྡོ་ཤིན་ཏུ་ཆེན་པོ་དང་བདུད་འདུལ་མཆོད་རྟེན་ཁང་རྩེག་བཞི་ཅན་སོགས་ད་ལྟ་བཞུགས།
ཀ་བཞི་དགོན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་མ་ཎི་བུམ་སྒྲུབ་ཀྱི་སྒྲུབ་མཆོད་རྒྱུན་བཙུགས་མཛད་པ་བསམ་འགྲུབ་དགོན་པའི་ལུགས་
བཞིན་ཡིན་ཀྱང་དེ་ལས་མཆོད་པ་རྒྱས་ཤིང་ཉིན་གྲངས་མང་བ་ད་ལྟའང་ལོ་རེ་བཞིན་མཆིས།
ད་དུང་མགོན་དཀར་གྱི་བསང་དང་། ལྟ་རྟོགས་ཀྱི་
མགུར་སོགས་ཕྱག་རྩོམ་གནང་།
ཀ་བཞི་དཔོན་གྱིས་བླ་མར་བཀུར་ཏེ་ཁྲལ་དང་འཚེ་བ་སོགས་མི་ཆོག་པའི་བཀའ་ཤོག་སོགས་ཕུལ།
བསམ་འགྲུབ་
དགོན་དུ་གུར་གྱི་མགོན་པོ་དང་། དཔལ་ལྡན་ལྷ་མོ།
དཔལ་མགོན་བྲམ་གཟུགས་བཅས་ཀྱི་སྨན་སྐུ་མདའ་ཚད་ལས་ལྷག་པ་བཞེངས་ཤིང་ཚེ་འབར་
རྒྱུན་འཛུགས་དང་།
ལོ་ལྟར་དགུ་ཆེན་གྱི་སྐབས་སུ་གཅུང་ཚེ་རྣམ་ཚོགས་ཞུགས་སུ་བཏང་སྟེ་མཆོད་འབུལ་ཚོགས་འཛུགས་སོགས་མཛད།
སྐུ་ཚེ་དང་
སྒྲུབ་པ་མཉམ་པས་དགུང་ལོ་དོན་གསུམ་དུ་སོན་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་(ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་ཀྱི་སྟོད་ཆར་ལྕགས་ཕག་
ཅེས་པ་ཡིག་ནོར་ཡིན་)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
དེའི་ཡང་སྲིད་ཕུག་ཁང་སྤྲུལ་སྐུ་ངག་དབང་ཡོན་ཏན་རྒྱ་མཚོ་ནི་ཡབ་ཚེ་རིང་ནོར་
བུ་དང་ཡུམ་པདྨ་ལྷ་མོའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལ་ཀྲེ་གུའི་ཕལ་ཆེན་ཚང་དུ་འཁྲུངས།
ཆུ་འབྲུག་ལོའི་དགུན་ཁར་དཔལ་ས་
སྐྱའི་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་བསམ་འགྲུབ་དགོན་དུ་ཕེབས་སྐབས་སྐུ་སྔ་མའི་ཡང་སྲིད་དུ་ཐུགས་
ཐག་བཅད་ནས་མཚན་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་གསོལ་བ་དང་བསམ་འགྲུབ་དགོན་པས་ན་བཟའ་སྐུ་ཆས་ཕུལ།
ཡང་གོང་མ་རིན་པོ་ཆེ་སེར་ཤུལ་དགོན་དུ་ཕེབས་སྐབས་ཀ་བཞིའི་དཔོན་བློ་བཟང་དགྲ་འདུལ་གྱིས་བསྐྱར་དུ་ཞུས་པ་སྔ་མ་བཞིན་ལུང་བསྟན་
བྱུང་བས་ཡིད་ཆེས་མོས་གུས་ཀྱི་པད་མོ་ལྷག་པར་རྒྱས།
དགུང་ལོ་ལྔ་བཞེས་པའི་ཤིང་ལུག་ལོར་ཀ་བཞི་དགོན་དུ་ཁྲིར་བཀོད།
ཐུབ་བསྟན་འཇམ་
དབྱངས་བློ་གྲོས་རིན་ཆེན་གྱིས་སྒ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐྱེས་མཐར་བསྔགས།
ཁུ་བོ་གཞན་དགའ་དང་ཞང་པོ་ཤེས་རབ་བཟང་པོ་རྣམ་གཉིས་
ཀྱི་དྲུང་དུ་ཀློག་སོགས་བསླབས།
དགུང་ལོ་དགུ་བཞེས་པའི་ས་ཕག་ལ་ཡབ་འདས་ཤིང་ཁུ་བོ་དང་ཞང་པོའང་བཙོན་དུ་འདས།
དེ་རྗེས་ངལ་རྩོལ་
སྒྱུར་བཀོད་ཁྲོད་དུ་ཕེབས་པ་དང་ཉེས་མེད་ཉེས་མིང་གི་དབུ་ཞྭ་ལོ་འགའ་ལ་བཞེས་དགོས་བྱུང་ཡང་མཁས་བཙུན་དམ་པའི་རྣམ་ཐར་ལ་གནས།
དགུང་ལོ་སུམ་ཅུ་པའི་ལྕགས་སྤྲེལ་ལ་ཀ་བཞི་དགོན་པ་སླར་གསོའི་ཐུགས་འགན་དང་སྐུ་ཚེགས་ལ་མ་འཛེམས་པར་རྒྱལ་བསྟན་དོན་དུ་གཉེར།
དགུང་ལོ་སོ་བདུན་བཞེས་པ་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་མོ་ཡོས་ལ་པེ་ཅིང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་ནས་ཀུན་
གཟིགས་པཎ་ཆེན་རིན་པོ་ཆེ་དང་། ཨ་ལགས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
ཨ་ཀྱཱ་ཚང་། རྒན་བཀྲ་ཤིས་རིན་ཆེན་སོགས་ལས་གསན་
བསམ་ཕུལ་དུ་ཕྱིན་པ་གནང་སྟེ།
དགུང་ལོ་སོ་བརྒྱད་བཞེས་པའི་ས་འབྲུག་ཕྱི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་སློབ་མཐར་ཕྱིན།
དགུང་ལོ་བཞི་བཅུ་
པའི་ལྕགས་རྟ་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བསམ་འགྲུབ་ཆོས་སྡེ་སླར་གསོའི་མཛད་སྟོན་དུ་ཕེབས་ནས་ཚོགས་འཛུགས་དང་། བཀའ་དབང་བྱིན་རླབས།གཏན་འཇོག་བདོག་པ་གྱ་ནོམ་པ་བཅས་གནང་།
སྐབས་དེར་ཀ་དགོན་གཞུང་གི་སྤྱི་གཉེར་སོགས་ཕེབས་ཏེ་ཚོགས་
འཛུགས་གཏན་འཇོག་གི་བདོག་པ་བསྩལ། ༡༩༩༢ལོར་གུར་ལྕམ་དྲལ་གསུམ་གྱི་སྨན་སྐུ་བཞེངས་ཤིང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཅས་
གནང་།
དེ་ནས་སླར་ཀ་དགོན་དུ་ཞབས་སོར་འཁོད་དེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཉིན་མཚན་དབྱེར་མེད་དུ་བྲེལ་བཞིན་བཞུགས།
མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་དགེ་སློང་བྱང་ཆུབ་བཟང་པོ་ཞེས་པ་ཡབ་བཀྲ་
དོན་གྱི་སྲས་སུ་ཝེ་ལྟ་ལ་འཁྲུངས།
རབ་ཏུ་བྱུང་ཞིང་འབྲི་ཀློག་དང་ཚོགས་སྒྲིག་འདོན་སོགས་མཁས་པར་སྦྱངས།
ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་
བསྙེན་པར་རྫོགས་པའི་བཀའ་ཆོས་མང་དུ་ཞུས།
སྐུ་ཚེའི་སྨད་ལ་སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་བཞུགས་གནས་ཐེག་ཆེན་སྒྲུབ་ཕུབ་ཏུ་
སྐུ་མཚམས་ལ་བཞུགས་ཤིང་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྒོ་ནས་གྲུབ་པར་མངའ་མརྙེས།
བསམ་དགོན་གྱི་མཆོད་སྡེ་མ་ཚད་ཁྲི་འདུ་
དང་དམར་གསུམ་སྡེ་བརྒྱད་སོགས་གདན་འདྲེན་ཞུ་མཁན་ཡང་ཤིན་ཏུ་མང་།
ཁོང་གིས་སེང་གདོང་བསྙེན་པ་དུང་ཕྱུར་བཅུ་གསུམ་གསུངས་
པའི་སྒྲུབ་ཐང་དང་མཆོད་ཆས་འགའ་ད་ལྟ་བཞུགས། སྤོས་ཕོར་དང་འབྲུ་སྤར།
གཏོར་སྟེགས་སོགས་ས་ཁམ་པས་བཟོས་པ་ཤ་སྟག་ཡིན། དགུང་
ལོ་དྲུག་ཅུ་སྐོར་ཕེབས་པ་རབ་རྒྱལ་མེ་ཁྱི་(༡༩༤༦)ཙམ་ལ་གཤེགས།
དབུ་མཛད་རྡོ་རྗེ་འཛིན་པ་ཀུན་དགའ་ནི།
ཡབ་པདྨ་ཚེ་སྐྱབས་དང་ཡུམ་སྒྲོལ་དཀར་གྱི་སྲས་སུ་ཁམས་སྟོད་སྒ་འཛོམ་ཉག་ཏུ་འཁྲུངས།
དགུང་
ལོ་ཆུང་ངུའི་སྐབས་ནས་རབ་ཏུ་བྱུང་སྟེ་འབྲི་ཀློག་ནས་བརྩམས་ཏེ་གསན་བསམ་རྒྱ་མཚོའི་ཕ་མཐར་སོན་པ་མཛད་ཅིང་ལྷ་རིས་དང་།
འདག་བཟོ།
བརྐོས་རིས་བཅས་ལ་དོ་ཟླ་མེད་པ་བྱུང་།
དགུང་ལོ་ཉི་ཤུ་ཙམ་ལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས།
ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་དྲུང་ནས་
བསྙེན་པར་རྫོགས།
ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་རྣམས་གསན་ནས་སླར་ཕེབས་ཏེ་བསམ་འགྲུབ་ཆོས་སྡེའི་དབུ་མཛད་ལོ་ལྔ་གནང་། ཆོ་ག་ཆོས་སྤྱོད་དང་། ཐིག་རྡུལ་ཚོན།
དབྱངས་རྔ་རྡུང་སོགས་ཕྱག་ལེན་གྱི་རིམ་པ་རྣམས་ཉམས་སུ་བཞེས།
དགུང་ལོ་ཞེ་དྲུག་ཙམ་ལ་ཞང་པོ་འཇམ་
དབྱངས་དགེ་ལེགས་ཕུན་ཚོགས་ཀྱི་སྐུ་མདུན་དུ་ཕེབས།
ལམ་བར་རྫ་ཆུའི་འགྲམ་དུ་ཕྱག་ཕྲེང་ལྷུང་བ་ལ། ཁོང་གིས། རྟེན་འབྲེལ་གྱི་དབང་གིས་ད་ཕ་
ཡུལ་དུ་འཁོར་ཐུབ་པ་མི་འདུག་གསུངས།
དེ་ནས་ཀ་བཞི་དགོན་དུ་བགྲང་བྱ་འགའ་བཞུགས་ཤིང་བསྟན་པར་སྨིན་པའི་མཛད་ཕྲིན་སྤེལ།
དགུང་
ལོ་ཞེ་བརྒྱད་ཙམ་སོན་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་ལ་རྡོ་རྗེ་སེམས་དཔའི་བཞུགས་སྟབས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེའི་ཡང་སྲིད་
བློ་བཟང་ཐབས་མཁས་ནི།
ཡབ་བསྟན་པའི་ཉི་མ་དང་ཡུམ་པདྨ་ཆོས་མཚོའི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོར་འཁྲུངས་ཤིང་།
ཆུང་
ངུ་ནས་དམ་པའི་མཛད་བཟང་ལས་མ་འདས་པ་ཞིག་བཞུགས་ཀྱང་དུས་ངན་གྱི་འདུ་རྒོད་དང་འཕྲད་པའི་དབང་གིས་དགུང་ལོ་བཅུ་དྲུག་བཞེས་
པའི་མེ་རྟ་ལོར་སྐུ་གཤེགས་པས་མཛད་ཕྲིན་དེ་ཙམ་རྒྱས་ལོང་མ་བྱུང་།
དེའི་ཡང་སྲིད་བསོད་ནམས་དོན་གྲུབ་ད་ལྟ་ཀ་བཞིར་བཞུགས།
སྨན་རྩིས་དང་བཟོ་རིག་ཀུན་ལ་མཁས་པ་ཀོ་ལེ་ལྷུན་གྲུབ་དཔལ་འབྱོར་ནི།
རབ་བྱུང་བཅོ་ལྔའི་མེ་གླང་ལོར། ཨ་རྟོགས་མཁར་ནག་གྲོང་གི་ཀོ་ལེ་
ཚང་དུ་སྐུ་བལྟམས།
དགུང་ལོ་ཆུང་ངུའི་དུས་ནས་ཆེ་ཆུང་རིག་པའི་གནས་བཅུའི་མཚོ་ཆེན་དུ་ཞུགས་ཏེ་བརྩོན་པའི་གྲུ་ཡིས་གཞལ་བས་མཁས་པའི་
ཕ་མཐར་སོན། བསམ་འགྲུབ་དགོན་གྱི་དབུ་མཛད་དུ་བཞུགས་པ་དང་། རྒྱ་གར།
རྒྱ་ནག སོག་པོ་བཅས་མི་རིགས་བཞི་ཡི་ཡི་གེ་མཁྱེན་པས་དེང་སང་
ཡང་ཁོང་གི་ཕྱག་བྲིས་འགའ་ཞིག་མཇལ་རྒྱུ་ཡོད།
དགོན་ནང་དུ་སྐབས་དེར་སྨན་པ་བཞི་ཡོད་པ་ལས་ཁོང་ཕུལ་དུ་སོན་པ་ཞིག་ཡིན།
ཁོང་གིས་
འབུར་དུ་ཐོན་པའི་མཛད་ཕྲིན་གཙོ་བོ་ནི་ས་གནས་རང་ནས་ཐོན་པའི་སྨན་རྫས་དང་།
ཁྱད་པར་དུ་པཎ་ཆེན་སྨྲྀ་ཏིའི་མཛད་རྗེས་ཁྱད་དུ་འཕགས་
པ་བཟོ་རིག་སྒྱུ་རྩལ་གྱི་རྒྱུན་བཟང་བསྐྱངས་པས་ཞལ་ཐང་དང་།
ཡིག་གཟུགས། རྫ་ཆས། འདག་སྐུ་སོགས་ཕུལ་དུ་སོན།
ནས་འབྲུའི་སྟེང་དུ་ཕྱག་རྡོ་
དང་བྱ་འབྲུག་ཁ་སྤྲོད་སོགས་མ་འདྲེས་པ་གསལ་པོར་འབྲི་ཐུབ།
ཞལ་ཐང་ལག་མཐིལ་ཙམ་ལ་ཡི་དམ་ཀྱེེ་ཡི་རྡོ་རྗེ་དང་རྡོ་རྗེ་འཇིགས་བྱེད་སོགས་རི་
མོ་གསལ་ལ་ཐིག་ཚད་དང་ལྡན་པ་ལྷ་བཞི་བཅུ་རྩ་གྲངས་བཞུགས་པ་དང་ཁོང་གིས་མཛད་པའི་རྩིས་གཏོ་པར་ཤིང་དང་བཅས་པ། རྒྱུ་སྐར་འཁོར་
ཚུལ་གྱི་དཔེ་རིས། ཀ་དཔེ།
ཞལ་ཐང་བཅས་བཞུགས་པ་ལས་བརྩམས་ཆོས་གཞན་རྣམས་གཏོར་སྐྱོན་གྱི་འོག་ཏུ་སོང་འདུག
རབ་བྱུང་བཅུ་དྲུག་པའི་
ཆུ་འབྲུག་ལོར་བསམ་འགྲུབ་དགོན་དུ་མྱ་ངན་ལས་འདས།
རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་(༡༩༣༢)ལ་བརྒྱ་དཔོན་སྐུ་སྐྱེའམ་བརྒྱ་དཔོན་སྤྲུལ་སྐུ་འཇམ་དབྱངས་བསྟན་པའི་ཉི་མ།
ཡབ་ཨ་དོན་དང་ཡུམ་
སྒྲོལ་དཀར་ཚེ་རིང་གི་སྲས་སུ་འཛོམ་ཉག་གནས་ར་ཚང་དུ་འཁྲུངས།
ཆུང་མིང་ལ་དམ་ཆོས་མཐར་ཕྱིན་ཞུ་བ་སྒྱོགས་གདོང་དགོན་གྱི་ཁྲིར་མངའ་
གསོལ་བ་དང་། ༡༩༥༨ལོར་གཤེགས།
གཞན་ཡང་དབུ་མཛད་དཀོག་མཆོག་དཔལ་ལྡན་དང་། ལྷ་རྗེའི་ལྷུན་གྲུབ་དཔལ་འབྱོར།
རབ་བྱུང་བཅུ་དྲུག་པའི་ས་འབྲུག་(༡༩༢༨)ལ་ཡབ་དཔལ་
ལྡན་དང་ཡུམ་ལྷ་མོའི་སྲས་སུ་འཛོམ་ཉག་ལྷ་རྗེ་ཚང་དུ་འཁྲུངས་ནས་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་(༡༩༩༤)ལོའི་ཕྱི་ཟླ་བཞི་པར་གཤེགས་པའི་
མཁན་ཤེས་རབ་ཉི་མ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཟམ་མ་ཆད་པར་བྱོན།
ལོ་རྒྱུས་བར་མ་ཆད་པ་ཤར་མར་བྲིས་པ་ཞིག་ནི་ས་ཕྱོགས་གང་ནས་ཀྱང་དཀོན་པར་མཐོང་ཞིང་།
རྩོམ་པ་པོ་དང་སྐུལ་བ་པོའི་མཚན་དང་།
ལོ་
ཚིགས།
ཡུལ་གྱི་མིང་སོགས་བྲིས་པའི་ཡིག་རྙིང་ཤོག་ཆད་དུམ་བུ་ཞིག་རྙེད་ཀྱང་རྩོམ་མཁན་དང་།
ཞུ་མཁན། བརྩམས་ཡུལ། རྩོམ་སྙིང་ལ་གཏོགས་
པ་བཅས་ཁག་སོ་སོས་ལོ་རྒྱུས་ཀྱི་ཁུངས་རྣལ་མ་རེ་མཐོང་ཐུབ་ཕྱིར།
ལོ་ཚིགས་གསལ་མི་གསལ་བའི་རིགས་དང་། དགོན་སྡེ་འདིའམ་ཕྱོགས་གཞན་
ནས་ཕེབས་པའི་མཁས་གྲུབ་དམ་པ་རྣམས་ཀྱིས་མཛད་པའི་དཀར་ཆག
དགོན་སྡེ་འདིར་གཏོགས་པའམ་ཉེ་སྐོར་གཞི་བདག་གི་བསང་སོགས་དགོན་
གནས་འདིར་ད་ལྟ་བཞུགས་ཤིང་།
དཔེ་རྒྱུན་དཀོན་ནམ་སྙམ་པའི་མཚན་ཐོ་རྣམས་ལས་ད་ཐེངས་ཀྱི་དགོས་པར་དམིགས་ཏེ་དགོན་འདིར་ཞབས་
ཀྱི་བཅགས་ནས་མཛད་པའམ་དགོན་འདིའི་བསྟན་འཛིན་དམ་པ་རྣམས་ཀྱིས་བརྩམས་པ་དང་བསྐུལ་བ་སོགས་མཛད་པའི་ཕྱག་རྩོམ་འགའ་ཞིག་
ཞུ་བ་ལ་དཔེ་སྤམ་མཐོ་ཐབས་དང་སྣག་ཤོག་གྲོན་པའི་རྒྱུར་མི་དགོངས་པར་ཞུའོ།
།ཁམས་པ་སྤྲུལ་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་
མཛད་པའི་ཚེ་ལྷ་རྣམ་གསུམ་གྱི་བསང་།
དྲུང་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པའི་མགོན་དཀར་ཡིད་བཞིན་ནོར་བུའི་བསང་མཆོད།
ན་ལེནྡྲའི་གཟིམས་འོག་སྤྲུལ་མིང་པས་འཛོ་ཉག་བསམ་འགྲུབ་དགོན་དུ་ཤར་མར་སྤེལ་ཅེས་པའི་མགོན་པོ་ཞལ་བཞི་པ་འཁོར་དང་བཅས་པའི་
བསང་མཆོད།
བྲང་ཏི་ནམ་མཁའ་འཆི་མེད་ཀྱིས་མཆོད་རྟེན་དཔལ་གྱི་ལྷུན་པོའི་གཙུག་ལས་ཁང་དུ་ཉམས་སྣང་དང་མཐུན་པར་བྲིས། ཞེས་པའི་
མཆོད་རྟེན་དཔལ་གྱི་ལྷུན་པོའི་བསང་མཆོད།
དཔལ་ལྡན་ཆོས་སྐྱོང་གིས་མཛད་པའི་བསྟན་སྲུང་ཨ་ཙ་རའི་བསང་མཆོད།
ས་ཟླའི་ཚེས་གསུམ་ལ་
དགོན་པས་བསང་མཆོད་སྐབས་སུ་བལ་པོའི་མི་འདྲ་བ་ཞིག་གིས་ཁྱེད་ཀྱིས་བདག་ལ་བསངས་བསུར་བྱས་ན་ཕན། ཁྱེད་ལ་གྲོགས་བྱེད་ཟེར་བ་
རྣམས་རྨི་ལམ་དུ་ལུང་བསྟན་ནས།
སྒ་ལུང་བན་ཆུང་འཕགས་པ་བློ་བཟང་མཐུ་སྟོབས་པས་སྨྲས་ཞེས་པའི་ཨ་ཙ་རའི་བསང་། ཐར་རྩེ་རྡོ་རྗེ་འཆང་
ཡབ་སྲས་ཀྱི་བཀའ་འབངས།
རིག་འཛིན་བཙུན་པ་ཤྲཱི་པས་བསམ་འགྲུབ་ཆོས་སྡེའི་གྲྭ་སློབ་ཀྱི་ངོར་བྲིས་ཞེས་པའི་ཐང་ལྷ་རྡོ་རྗེ་འབར་བའི་གསོལ་
མཆོད་པདྨའི་བཀའ་བརྟགས།
བློ་བཟང་བསམ་འགྲུབ་ཀྱི་ངོར། མདོ་ཁམས་སྒ་ཕྱོགས་ཀྱི་བན་ཆུང་འཕགས་པ་བློ་བཟང་མཐུ་སྟོབས་ཀྱིས་རག་ཉག་
བླ་བྲང་དུ་སྦྱར་ཅེས་པའི་འཛམ་ཉག་སུམ་འབྲུམ་བསངས་མཆོད་བདུད་རྩིའི་དགའ་སྟོན།
སྐལ་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་ཀ་བསྟོད་ལ་བརྩམས་
པའི་སུམ་འབྲུམ་གཙོས་ཡུལ་རིའི་བསངས་མཆོད།
དགེ་སློང་རིན་ཆེན་ཆོས་ལྡན་གྱིས་བསྐུལ་ངོར།
ཤར་པ་མི་འགྱུར་རྒྱལ་མཚན་གྱིས་སྦྱར་ཅེས་པའི་
སུམ་འབྲུམ་སྟག་རྩེའི་བསང་།
རྒྱ་པའི་ཆོས་འབྱུང་འདོད་དོན་འགྲུབ་པའི་ཆེད་དུ་ཤཱཀྱའི་དགེ་སློང་ངག་དབང་ལེགས་པས་བྲིས་ཞེས་པའི་སུམ་རི་
སྟག་རྩེའི་བསང་།
དགོན་སྡེ་བསམ་འགྲུབ་གླིང་གི་དགེ་སློང་དཀོན་མཆོག་ཆོས་དབང་གིས་བསྐུལ་བའི་ངོར།
ཆོས་སྨྲ་བ་བློ་བཟང་བསྟན་པའི་རྒྱལ་
མཚན་གྱིས་སྦྱར་ཅེས་པའི་རྒྱན་ལམ་གྱི་བསང་མཆོད་བཀྲ་ཤིས་བདེ་ལེགས།
ཆོས་སྡེ་བསམ་འགྲུབ་གླིང་གི་རྒྱབ་རི་རྒྱན་ལམ་གྱི་བསང་མཆོད་སྔོན་དུ་
རྡོ་རྗེ་འཆང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་ཡོད་བཞིན་ཕྲན་གྱིས་གསར་སྤྲོ་བགྱི་དགོས་པ་དབེན་ཞིང་།
ཉིན་བྱེད་ཀྱི་དཀྱིལ་འཁོར་ལ་
སྲིན་བུ་མེ་ཁྱེར་གྱིས་འགྲན་པའི་ཚུལ་ལས་འདས་ཀྱང་།
བསང་བརྒྱ་བསོག་སྐབས་དང་རྒྱུན་དུ་ཁྱེར་བདེ་ཉུང་ངུ་འདི་བཞིན་འདྲི(འབྲི)དགོས་ཞེས་
བསླབ་གསུམ་རྒྱན་གྱིས་སྤྲས་པའི་དགེ་སློང་དཔལ་ལྡན་ཆོས་གྲགས་ཀྱིས་ནན་ཁྱེར་ཡང་བསྐུལ་བའི་ངོར་སྣང་རྩེ་བྱ་བྲལ་ཀུན་དགའ་ཆོས་དབང་
གིས་ཐུན་མཚམས་ཞིག་ཏུ་བྲིས་ཞེས་པའི་རྒྱན་ལམ་གྱི་བསང་མཆོད་འདོད་རྒུའི་ཆར་འབེབས།
བནྡེ་ཤྲཱི་མན་མ་ཏིས་ཅི་དྲན་ཐལ་བྱུང་ལྟ་བུ་མགྱོགས་
པར་བྲིས་ནས།
དགེ་སློང་ཀུན་གྲགས་ཕྱག་ཏུ་ཕུལ་ཅེས་པའི་རྒྱན་ལམ་གྱི་བསང་མཆོད་མེ་ཏོག་ཆུན་པོ། ཝེ་ཏ་(ལྟ)རྒན་མང་སོགས་ཀྱིས་བསྐུལ་ངོར།
རྒྱལ་བ་ཐམས་ཅད་མཁྱེན་པའི་ཞབས་རྡུལ་སྤྱི་བོས་མཆོད་པ་འདུ་ཤེས་གསུམ་པ་བསྐལ་བཟང་འཕྲིན་ལས་ལྷུན་གྲུབ་ཀྱིས་ཆོས་སྒར་ཆེན་མོ་ནས་བྲིས་
ཞེས་པའི་མགོན་ལྷ་སོགས་རི་རྒྱལ་མཆེད་གསུམ་གྱི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།
དགེ་སློང་བསྟན་པ་བློ་གྲོས་ནས་སྐུལ་བའི་ངོར། རོང་ཐ་སྤྲུལ་
མིང་པ།
བློ་བཟང་ཆོས་འབྱོར་ལྷུན་གྲུབ་པས་འཛམ་ཉག་མཆོད་རྟེན་ཆེན་པོའི་དྲུང་དུ་སྦྱར་ཅེས་པའི་མགོན་ལྷ་མཆེད་གསུམ་གྱི་བསང་མཆོད།
རཏྣ་
ཤྲཱི་མན་རང་གི་ངག་འདོན་གྱི་ཆེད་དུ་བྲིས་ཞེས་པའི་མགོན་ལྷ་མཆེད་གསུམ་བསང་མཆོད་འདོད་རྒུའི་རྒྱ་མཚོ།
སྐལ་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་
མཛད་པའི་ཨེ་ཀྱེ་རག་པའི་བསང་མཆོད།
བསམ་འགྲུབ་དགོན་གྱི་དབུ་མཛད་ཡེ་ཤེས་བཟང་པོའི་སྐུལ་ངོར་སྣང་རྩེ་བྱ་བྲལ་ཨ་ཨནྟ་སུག་བྲིས་ཞེས་
པའི་ཨེ་ཀྱེ་རག་པའི་བསང་།
འབྲི་ལུང་སྒ་ཡི་བྱེ་བྲག་འཛམ་ཉག་སྦས་ཐང་ཡུལ་ལྷ་གང་གི་བསང་མཆོད་ཉུང་ངུ་འདིའང་།
དར་བཅས་ནོར་བཀྲ་ནས་
བསྐུལ་ངོར། ཨེ་ཝཾ་ཐར་རྩེའི་ཞབས་དྲུང་ནས་མེ་སྟག་(༡༩༢༦)ཟླ་༢ཚེས་༡ཉིན་ཤར་མར་བྲིས་ཞེས་པའི་སྦལ་ཐང་ཤུགས་རའི་བསང་མཆོད་སྡེ་བཞིའི་
ཆར་འབེབས། དཔལ་ཨེ་ཝཾ་འཁོན་ཤར་མཁན་པོས་མཛད་པའི་འགག་བརྡའི་རྒྱལ་པོའི་བསང་མཆོད་རབ་དགའ་བའི་དཔལ་འཕེལ་དང་བསྡུས་པ་
ཞིག
སྤང་ཤར་རྡོ་མགར་ངག་དབང་དཔལ་བཟང་གིས་མཛད་པའི་གནམ་འགག་རྒྱལ་པོའི་བསང་མཆོད།
ཨ་བུ་རིན་ཆེན་ཤེས་རབ་ཐུགས་བཞེད་
ལྟར། བདེ་ཆེན་འབར་བའི་རྡོ་རྗེས་བྲིས་ཞེས་པའི་མཚོ་མོ་དགེ་བསྙེན་གྱི་བསང་བསྡུས་པ།
གནམ་བསྐོས་ལུང་ཟིན་ལྷ་སྒྲ་བཱེ་ཅང་སྲས་བསྟན་འཛིན་
དར་རྒྱས་དང་དཔལ་ཆེན་རྣམ་གཉིས་ནས་ཡང་ཡང་རྣ་གསོའི་བགྱིས་པ་ལ་བརྟེན་ནས།
འབྲས་སྒོ་བླ་མིང་ནས་རྟེན་མཆོག་དཔལ་གྱི་ལྷུན་པོའི་ཉེ་
འདབས་ཉི་འོད་འཁྱིལ་ནས་མདོ་ཙམ་བསྒྲིགས།
ཡི་གེ་པ་ནི་པུཎྱེ་པའོ་ཞེས་པའི་གཞི་བདག་ཐེ་ཁོད་པད་དཀར་གྱི་གསོལ་མཆོད་དོན་གཉིས་ལྷུན་
གྲུབ།
དམ་པ་གོང་མའི་གསུང་ལ་སྒྲོ་བཏགས་པའི་བནྡེ་དེས་ཆོས་སྡེ་བསམ་འགྲུབ་གླིང་དུ་བྲིས་ཞེས་པའི་གྲོགས་འཛུམ་གྱི་བསང་མཆོད་ཡུལ་བདག་
དགྱེས་པའི་རོལ་མཚོ།
དོན་གཉེར་འགའ་ཡི་བསྐུལ་ངོར་རིགས་འཛིན་གྱི་བཙུན་པ་ཤྲཱི་པས་གཙུག་ལག་ཁང་བསམ་འཕེལ་རྣམ་རྒྱལ་ཁང་ནས་བྲིས་
ཞེས་པའི་གྲོགས་འཛོམ་གྱི་བསང་བསྡུས་པ།
རཏྣ་ཤྲཱི་མན་གྱིས་མཛད་པའི་གྲོགས་འཛུམ་གྱི་བསང་མཆོད་འདོད་དོན་འགྲུབ་པའི་ཕོ་ཉ།
སྦས་ཐང་
གཞི་བདག་ཤུགས་རའི་བསང་མཆོད་ཁོ་བོ་སྐྱེ་བ་གོང་མ་ཆོས་སྒོ་བ་དཀོན་མཆོག་བསྟན་སྐྱོང་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ་ལ།
བར་སྐབས་ ཡིག་མཁན་གྱིས་སླད་པའི་བྲིས་ནོར་དཔེ་ངན་རྒྱུན་འབྱམས་སུ་སོང་བས།
ཁོ་བོའི་གསར་རྩོམ་དགོས་ཞེས་མཁྱེན་སྤྱན་བཀྲ་བ་དགེ་སློང་དཔལ་ལྡན་
ཆོས་གྲགས་ཀྱིས་བསྐུལ་ངོར་མ་ཟློག་ཙམ་དུ་སྣང་རྩེ་རི་ཁྲོད་པས་བྲིས་ཞེས་པའི་སྦས་ཐང་ཤུགས་་་རའི་བསང་མཆོད་ལྷའི་གླིང་བུ།
ཀུན་དགའ་རིན་
ཆེན་གྱིས་སྦྱར་ཅེས་པའི་ཞེ་སྐེ་(ཀེ)སྤོག་རའི་བསང་མཆོད།
རཏྣ་ཤྲཱི་མན་གྱིས་མཛད་པའི་རྟེན་མཆོག་དཔལ་གྱི་ལྷུན་པོའི་གནས་ཡུལ།
འབྲི་ལུང་
གནས་བདག་འབམ་མདའི་མཚོ་སྨན་རྒྱལ་མོའི་བསང་མཆོད་དབྱར་དུས་ཆུ་གཏེར།
རྫོགས་པ་ཆེན་པོའི་རྣལ་འབྱོར་འཁོར་འདས་དབྱེར་མེད་བརྙེས་
པའི་གྲུབ་ཆེན་འཛམ་ཉག་བསམ་འགྲུབ་དགོན་གྱི་དབུ་མཛད་རྡོ་རྗེ་འཛིན་པ་ཆེན་པོའི་མཛད་པ་ལ་ལུང་རྒྱུན་སྤེལ་ཕྱིར་དབུ་(མཛད་)ཤཱ་ས་ནས་
བསྐུལ་ངོར་ཤྲཱི་པས་བྲིས་ཞེས་པའི་བསང་བསྡུས་རྡོ་རྗེའི་བཞད་སྒྲ།
རབ་ཚེས་ཕུན་སུམ་ཚོགས་པའི་དོན་གྲུབ་ཀྱི་ལོར། འཛམ་ཉག་བསམ་འགྲུབ་
ཆོས་སྡེའི་དབུ་མཛད་རྡོ་རྗེ་འཛིན་པ་ཤཱ་ས་ན།
རཏྣ་ཤྲཱི་མན་སོགས་འདུས་སྡེ་ཐུན་མོང་ནས་བསྐུལ་བའི་ངོར།
ཐར་རྩེ་རྡོ་རྗེ་འཆང་ཡབ་སྲས་ཀྱི་
བཀའ་འབངས་རིག་འཛིན་གྱི་བཙུན་པ་ཤྲཱི་པས་ཆོས་སྡེ་དེ་ཉིད་དུ་སྦྱར་ཅེས་པའི་ཡུལ་ལྷའི་བསང་མཆོད་དག་སྣང་རྡོ་རྗེའི་ཐ་ཚིག
ཁྲག་འཐུང་
འབར་བའི་རྡོ་རྗེས་ཞབས་ཀྱིས་བཅགས་ཤིང་མཆོད་རྟེན་དཔལ་གྱི་ལྷུན་པོའི་དཀར་ཆག་མཛད།
རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཀྱིས་ཞབས་
ཀྱིས་བཅགས་ཤིང་ལྷ་སྒྲའི་དཔོན་དཔལ་ཆེན་དང་ཞེ་ཀེའི་ཚེ་དབང་བརྟན་པ་སོགས་ཡུལ་སྡེ་སྤྱི་ཡིས་ཞུས་པ་ལྟར་རབ་ཚེས་མེ་བྱ་(༡༨༩༧)ཧོར་ཟླ་
ལྔ་པའི་དམར་ཕྱོགས་རྒྱལ་བ་གསུམ། རེས་གཟའ་ཉི།
སྐར་མ་སྣར་མ་ཉིན་འཛམ་ཉག་མཆོད་སྡོང་ཆེན་པོའི་དཀར་ཆག་དང་སྐོར་ཚད་ཞིབ་ཏུ་
བཀོད་པ་ཚངས་པའི་གླུ་སྙན་ཞེས་པ་མཛད།
ཀླུ་ལྡིང་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མས་ཞབས་ཀྱིས་བཅགས་ཏེ། པཎ་ཆེན་སྨྲྀ་ཏི་ཛྙཱ་ནའི་རྣམ་
ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་མཛད་པ་བཅས་བཞུགས།
ས་ཁྱི་དུས་ཟིང་གི་ཡར་སྔོན་དུ། བླ་མ་གཅིག་དང་གྲྭ་པ་༡༢༠(ཡིག་ཚགས་ལྟར)
ལྷ་ཁང་༨ལ་ཀ་བ་༡༡༤ མཆོད་ཁང་༤ལ་ཀ་བ་༡༨ ཇ་ཁང་དང་། འཆམ་ར། མཛོད་ཁང་བཅས་ལ་ཀ་བ་༢༦
གྲྭ་ཤག་༥༣བཅས་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༧༥༠
གསེར་ཟངས་ལས་གྲུབ་པའི་ཐུབ་
དབང་གི་སྐུ་ཐོག་རྩེག་གཉིས་ཅན།
རབ་འབྱམས་པ་དང་ལྔ་རི་བླ་མའི་གདུང་འབུམ།
ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང་རབ་འབྱམས་
པའི་སྐུ་བརྙན་གཙོས་མི་ཚད་ལས་ལྷག་པའི་གསེར་ཟངས་ཀྱི་སྐུ་༧
རྒྱལ་བ་བྱམས་པ་མགོན་པོ་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྨན་སྐུ་
ཐོག་རྩེག་གཉིས་ཅན། དུས་གསུམ་སངས་རྒྱས་དང་།
ཆོས་རྒྱལ་འགྲོ་མགོན་འཕགས་པས་ཕྱག་ནས་མཛད་པའི་ཀྱེེ་རྡོར་དང་མགོན་པོ་གུར་ལྷ་བརྒྱད། དཔལ་མགོན་ཞལ། དཔལ་ལྡན་དམག་ཟོར་རྒྱལ་མོ།
རྣམ་སྲས་སོགས་ཀྱི་སྨན་སྐུ་མི་ཚད་ཙམ་༡༧ སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་རྣམ་སྣང་
མཛུབ་འཛིན། བོན་སྟོན་པ་གཤེན་རབས་ཀྱི་སྐུ།
བེ་ཅང་བསྟན་དར་གྱིས་འཛོམ་ཉག་བེ་ཅང་ཚང་གི་རྒྱུ་ནོར་ཕྱེད་ཀ་མ་བདམས་པར་སྤྱན་རས་
གཟིགས་འགྲོ་འདུལ་ཕྱག་བཞིའི་ལི་སྐུ་བདམས་པ།
བཀའ་གདམས་མཆོད་རྟེན་དུ་མ་སོགས་ལི་སྐུ་༣༥༠ཙམ།
གསེར་སྐུ་དང་མཆོད་རྟེན་བཅས་༥༩༠
ལྷག རག་སྐུ་དང་ཟངས་སྐུ་༥༠ཡས་མས།
ཞལ་ཐང་སྣ་ཚོགས་༡༠༠༠ལྷག འཆམ་འབག་༩༥ ལི་ཐང་ཁྲོ་པར་གྱི་བཀའ་འགྱུར་ཚར་གཅིག་གཙོས་
བཀའ་བསྟན་འགྱུར་ཆ་༤
རྒྱུད་སྡེ་དང་སྒྲུབ་ཐབས། གསུང་འབུམ། རྣམ་ཐར་སོགས་པོད་༣༠༠༠ལྷག
འབའ་ཆེན་དཔལ་འབྱོར་དགོན་ལ་ཆོས་
འཕགས་ཀྱིས་གནང་བའི་འབུམ་གསེར་བྲིས་སོགས་གསེར་དངུལ་གྱིས་བྲིས་པའི་འབུམ་ཆ་༢༠ལྷག རབ་འབྱམས་པས་གཏེར་ལས་བཞེས་པའི་རོལ་
མོ་གར་རོལ་དང་སྦལ་གུར་མཁར་པ་ཚང་གིས་ཕུལ་བ་རྫོང་བདག་དགོན་ནས་གདན་དྲངས་པའི་རོལ་མོ་མཁར་པ་སོགས་རོལ་མོ་ཆ་༨༠ སིལ་སྙན་
ཆ་༣༨ ཏིང་ཤག་ཆ་༡༥ འཁར་རྔ་༡༧
ཐེག་ཆེན་གཙོས་རྡོར་དྲིལ་ཆ་༣༠ རྔ་བོ་ཆེ་༥ ལག་རྔ་༦༠
དུང་དཀར་ཆ་༥ གསེར་དངུལ་གྱིས་བརྒྱན་པའི་
དུང་ཆ་༣
གསེར་དངུལ་གྱིས་བརྒྱན་པའི་རྒྱ་གླིང་ཆ་༤ རྒྱ་གླིང་དཀྱུས་མ་ཆ་༧
གསེར་དངུལ་གྱི་དུང་ཆེན་ཆ་༣ ཟངས་རག་གི་དུང་ཆེན་ཆ་༨ གསེར་
དངུལ་གྱི་རྐང་གླིང་ཆ་༢
ཟངས་རག་གི་རྐང་གླིང་ཆ་༨ གསེར་དངུལ་ཀྱི་ཕྱག་ཆ་སྣ་ཚོགས་༨༠ལྷག གསེར་དངུལ་གྱི་སྤོས་ཕོར་ཆ་༢ སྤོས་ཕོར་དཀྱུས་
མ་ཆ་༣ མགྲོན་ཆས་ཆ་ཚང་༣
ཕུར་མ་དང་ཀ་རྒྱན་སྣ་ཚོགས་༡༢༠ལྷག འཆམ་གོས་ཆ་༢༡༣ དངུལ་གྱི་ཏིང་ཕོར་བདུན་ཚར་༣༥ ལི་ཡི་ཏིང་ཕོར་
བདུན་ཚར་༤༩
སྟོང་གི་ཏིང་ཕོར་བདུན་ཚར་༣༥ ཟངས་རག་གི་ཏིང་ཕོར་བདུན་ཚར་༡༤༠ལྷག ཏིང་ཐོག་སྡེབ་འོག་སྡེབ་༢༡༠ གསེར་དངུལ་གྱི་
བུམ་པ་ཆ་༥ ཟངས་བུམ་ཆ་༡༣
ཀ་ཏོ་ར་ཆེ་ཆུང་༡༢ དངུལ་གྱི་ཚེ་འབར་ཆེ་བ་༣
ཟངས་རག་གི་ཚེ་འབར་ཆེ་ཆུང་༢༣ མཆོད་ཀོང་ཆུང་བ་༡༡༠༠
ཡས་མས། ཚོགས་ཟངས་ཆེ་བ་༥
འཁར་ཟངས་ཆེ་ཆུང་༨ ཁྲོ་རྫ་༡༥ ཁྲོ་ཟངས་༡༧ ཟངས་རག་གི་རྡིག་ཁོག་༡༣ ཟངས་རག་གི་སྐྱོགས་ཆེ་ཆུང་༣༠ལྷག
ཟངས་རྐྱན་ཆེ་ཆུང་༡༠ རྩིས་སྤྲོད་ནས་ཁལ་༣༥༠ དངུལ་སྒོར་༣༥༠༠ཞིང་ཁལ་༤༩༠ ཤེ་འབྲི་༢༣༠བཅས་ཡོད་ལ་ཡོ་བྱད་ཙག་ཙིག་རིགས་མ་བརྩིས།
དེ་སྐབས་ཀྱི་མཆོད་སྡེ་ནི་མཛོམ་ཉག་དང་། ཝེ་ལྟ། སྦལ་ཐང་།
ཀྲེ་གུ། འགག་བརྡ་བཅས་དང་། ཨ་རྟོགས་དང་ཞེ་ཀེ་ལ་ད |