กก

༄༅། །འཛོམ་ཉག་བསམ་འགྲུབ་དགོན་གྱི་དཀར་ཆག་སྐོར།
ཤར་ཆེན་འཇམ་དབྱངས་ཆོས་ཀྱི་ཉི་མས་མཛད་པའི་རྣམ་ཐར་དོན་བསྡུས།

   བསྡོམས་ལྡེབ་ངོས་༧ཡོད།         ༡༽       ངོས་པ།    

༄༅། །པཎ་ཆེན་སྨྲྀ་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་ཞེས་(ཅེས)བྱ་བ་བཞུགས་སོ། ། ༄། ན་མོ་གུ་རུ་མ་ཉྫུ་
ཤྲཱི་ཡེ། དམ་པའི་རྣམ་ཐར་དྲི་མེད་ཡོན་ཏན་ཚོགས། །རྗེས་སུ་དྲན་ཅིང་གུས་པ་བསྐྱེད་པ་ལ། །རྡོ་རྗེའི་ཡེ་ཤེས་བྱིན་ཆེན་འབེབས་མཛད་པའི། །
སྨྲྀ་ཏི་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །འདས་པའི་སངས་རྒྱས་བཅོམ་ལྡན་བདེ་བའི་གླུ། །ད་ལྟ་རྣམ་བཀོད་ཞིང་དུ་དེ་བཞིན་གཤེགས། །
མ་འོངས་རྒྱལ་བ་བྱམས་པ་མགོན་པོ་སོགས། །སྒྱུ་འཕྲུལ་དུ་མར་སྣང་ལ༴ །རྒྱལ་རིགས་གཙང་མ་རྩིབས་ཀྱི་མུ་ཁྱུད་སྲས། །སྐྱེ་བར་ཟློས་ཚེ་ངོ་
མཚར་བལྟས་(ལྟས)བཅས་བལྟམས། །གཞོན་ནུ་ཉིད་ནས་ཕྱི་ནང་ཤེས་བྱ་ལ། །མཁས་པའི་གོ་འཕང་གཤེགས་ལ༴ །བསླབ་པ་གསུམ་གྱི་གནས་
ལ་རང་བྱན་ཚུད་(ཆུད)། །པཎ་ཆེན་ལྔ་བརྒྱའི་གཙུག་གི་ནོར་བུས་བཏུད། །ནཱ་རོ་ཏ་པས་ཐུགས་ཀྱི་སྲས་སུ་བཟུང་། །བསྟན་པའི་སྒྲོན་མེ་མཆོག་
ལ༴ །ཕྱག་ཆེན་དངོས་གྲུབ་བདེ་ཆེན་རོས་མྱོང་ནས། །གངྒཱ་ནས་བཟུང་ཕྱོགས་ཀྱི་ཐ་གྲུ་ཀུན། །སྣ་ཚོགས་གདུལ་བྱ་གང་འདུལ་ཐབས་དང་
བཅས། །བརྟུལ་ཞུགས་སྤྱོད་པས་གཤེགས་ལ༴ །ཁྱད་པར་བོད་ཆེན་གསེར་འོག་གྲགས་པའི་ལྗོངས། །སྐྱེད་ཡུམ་ཉི་ཚེའི་སྡུག་བསྔལ་གྲོལ་
(སྒྲོལ)བའི་སླད། །ཕལ་པའི་སྤྱོད་པས་ཕྱུགས་ཀྱི་འཚོ་སྐྱོང་སོགས། །སྦས་པའི་རྣལ་འབྱོར་མཛད་ལ༴ །ལོག་ལྟ་ཅན་གྱི་ལས་སྨིན་སྟོན་པ་དང་། །
དད་ལྡན་འགྲོ་བ་རྗེས་སུ་འཛིན་པའི་ཕྱིར། །རི་བོ་གྲུམ་པ་རྫུ་འཕྲུལ་ཞགས་པས་བཅིངས། །གྲུབ་པའི་མཚན་རྟགས་བཞག་ལ༴ །བྲན་དུ་བཀོལ་
སོགས་མི་སྲུན་སྐྱེ་བོའི་ཚོགས། །རྣམ་ཀུན་བདེ་མཛད་དུད་འགྲོའི་རིགས་མང་ལ། །ཆོས་ཀྱི་དགའ་སྟོན་སྩལ་ཞིང་མི་མིན་གྱིས། །གུས་པས་
བསྙེན་བཀུར་བསྟབས་ལ༴ །ཙཱི་ནའི་ཡུལ་མཐར་བྱོན་ནས་རིགས་ལམ་གྱིས། །ཕམ་པར་གྱུར་པས་ཁྲོས་པའི་མུ་སྟེགས་ཀྱི། །སྔགས་སྦྱོར་རྩུབ་
མོའི་སྒྲིབ་པ་ཟད་པའི་ཆེད། །བསྒྲལ་འདྲེན་ནུས་པ་སྟོན་ལ༴ །སླར་ཡང་བོད་ཀྱི་ཡུལ་དུ་ཞབས་བསྐྱོད་ཚེ། །དེད་དཔོན་མཁས་པས་ཡིད་བཞིན་
ནོར་བུ་ལྟར། །ལོ་ཙཱ་ཆེན་པོས་ཁྱོད་ཞལ་ངེས་རྟོགས་ནས། །མཚན་གྱི་སྙན་པ་བསྒྲགས་ལ༴ །སྒ་ལུང་འཛོམ་ཉག་གནས་གཞིར་ཆོས་ཀྱི་སྐུའི། །
མཆོད་རྟེན་བདེ་གཤེགས་རིང་བསྲེལ་སྙིང་པོ་ཅན། །སྤྱན་དྲངས་བརྟན་པར་བཞུགས་པའི་ཆོ་ག་བཅས། །དཔལ་གྱི་ལྷུན་པོ་བསྐྲུན་ལ༴ །འུ་དུམ་
བཙན་པོས་བསམ་སྦྱོར་ལོག་པའི་འདོམ་(འདམ)། །རྒྱལ་བསྟན་རིན་ཆེན་ནུབ་པར་བྱིང་བ་ན། །ཁམས་དབུས་ཀུན་ཏུ་མདོ་སྔགས་འཆད་སྤེལ་
གྱིས། །བསྟན་པ་གཞིར་བཞེངས་མཛད་ལ༴ །བདེན་མཐུས་འཕངས་པའི་རྡོ་བ་འབབ་པའི་གཞིར། །དྲན་པའི་ཐང་དུ་གཟུགས་སྐུ་བསྡུས་པའི་
ཚེ། །ས་འཛིན་འདར་ཞིང་ལྷ་ཡི་མེ་ཏོག་དང་། །སྒྲ་སྙན་རོལ་མོས་མཆོད་ལ༴ །ཆར་ལྡན་དུས་སུ་འབྲི་ཀླུང་དར་གོས་ཀླུབས་(བཀླུབས)། །གདུང་
འབུམ་མཆོག་དང་ཕྲིན་ལས་རྒྱུན་ལྡན་གྱིས། །ལུས་ཅན་མངོན་མཐོ་ངེས་ལེགས་བཀྲི་བའི་ཚུལ། །ངེས་བསྟན་གསལ་བར་སྣང་ལ༴ །མར་མེ་
མཛད་དང་དཱ་ན་ཤཱི་ལས་ཀྱང་། །འཕགས་ཡུལ་ན་ཡང་མཉམ་པར་དཀའོ་ཞེས། །ཁྱོད་ལ་དྭངས་བའི་དབྱངས་ཀྱིས་བསྟོད་ཅིང་བསྔགས། །ཡིད་
ཆེས་ལྷག་པར་བསྐྱེད་ལ༴ །དེ་ལྟར་དད་པས་གསོལ་བ་བཏབ་པའི་མཐུས། །ས་གཡོས་མཚོན་པའི་འབྱུང་བཞིའི་འཇིགས་པ་དང་། །ནད་མུག་
འཐབ་རྩོད་གདོན་བགེགས་གདུགས་(གདུག)པའི་ཟེར། །དུས་ཀྱི་སྐལ་ངན་ཞི་བར་བྱིན་གྱིས་རློབས། །ཐུབ་བསྟན་དྲི་མེད་དེ་འཛིན་བཅས་པ་
རྣམས། །དར་ཞིང་རྒྱས་ལ་ཡུན་དུ་རྟག་པ་དང་། །འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཐམས་ཅད་ལ། །བདེ་སྐྱིད་དཔག་མེད་འཕེལ་བར་བྱིན་གྱིས་
རློབས། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དམ་པའི་ཆོས་དང་དམ་པའི་བཤེས་དང་མཇལ། །སྒོ་གསུམ་ཆོས་དང་མཐུན་པའི་
བརྩོན་འགྲུས་ཀྱིས། །གོ་འཕང་དམ་པ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་ཤར་པ་ཀླུ་ལྡིང་པའི་རིགས་སྐྱེས་བཙུན་པ་འཇམ་དབྱངས་ཆོས་
ཀྱི་ཉི་མས། །ལྗོངས་འདིར་རྒྱུ་བའི་ཚེ་པཎ་ཆེན་སྨྲྀ་ཏིས་(ཏིའི)རྣམ་ཐར་ལ་དད་པས་ཡིད་གཡོས་པ་དང་། མོས་ལྡན་དག་གིས་མཚམས་སྦྱར་བ་
བཅས་རྒྱལ་ཁམས་ཀུན་ཏུ་ཕན་བདེ་འབྱུང་བའི་ཆེད་དུ་གསོལ་སྨོན་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །
กก

   བསྡོམས་ལྡེབ་ངོས་༧ཡོད།         ༡༽       ངོས་པ།