¡¡

༄༅། །འཛོམ་ཉག་བསམ་འགྲུབ་དགོན་གྱི་དཀར་ཆག་སྐོར།
གཏེར་ཆེན་འབར་བའི་རྡོ་རྗེས་མཛད་པའི་དཀར་ཆག

   བསྡོམས་ལྡེབ་ངོས་༧ཡོད།         ༡༽     ངོས་པ།      

¡þ ༄༅། །མཛོ་ཉག་མཆོད་རྟེན་ཀར་(དཀར)ཆག་བཞུགས་སོ། །མ་ཧཱ་པཎྜི་ཏ་སྨྲི་(སྨྲྀ)ཏི་ཛྙཱ་མོ། མཁས་གྲུབ་དམ་པ་དེ་ལ་གུས་བཏུད་ནས། །རྟེན་
གྱི་ཀར་(དཀར)ཆག་ཕན་ཡོན་མདོར་བསྡུས་འཆད། །དེ་ཡང་རྒྱལ་བས་ཐུགས་ཀྱི་བྱིན་རླབས་གནས། །ཛམྦུ་གསེར་ལྡན་ཆེན་པོའི་ཀླུང་གིས་(གི)
ངོགས། །གྲུབ་ཐོག་(ཐོབ)གོང་མས་ཞབས་ཀྱི་(ཀྱིས)བཅགས་པའི་ཡུལ། །བོད་ཆེན་ས་ཡི་ཐིག་ལེའི་བལྟེ་(ལྟེ)བ་ན། །ཡེ་ནས་ལྷུན་གྲུབ་ཆོས་སྐུའི་
མཆོད་སྡོང་དང་། །དབྱེར་མེད་བྱིན་རླབས་རྟེན་མཆོག་ཁྱད་པར་ཅན། །རྟེན་གཞི་ནོར་འཛིན་ཀློང་ནས་ཡར་འཕགས་པའི། །རང་གྲུབ་ཀླུ་འཇིམ་
མཆོད་བརྟེན་(རྟེན)ལུས་ཚད་གསུམ། །དེ་ལ་པཎ་ཆེན་མཆོག་གི་(གིས)གཞི་མཛད་ནས། །ཡོན་བདག་ལྷ་མི་ཀླུ་གསུམ་ཐུན་མོང་གིས། །རིན་ཆེན་
སོ་ཕག་རྡོ་བས་མཆོད་སྡོང་བཞེངས། །ནང་དུ་པཎ་ཆེན་མཆོག་གི་(གིས)གདན་དྲོངས་(དྲངས)པའི། །འཕགས་ཡུལ་མཆོད་བརྟེན་(རྟེན)བདེ་
གཤེགས་རིངས་(རིང)བསྲེལ་ཅན། །ཀླུ་སྒྲུབ་དབུ་ཞྭ་སྒྲོལ་མའི་རྒྱ་དཔེ་དང་། །བཀའ་གདམ་(གདམས)པུ་ཏི་གསུང་རབ་མང་པོ་བཞུགས། །རྫུ་
འཕྲུལ་ཕྱག་སྤར་སྐུ་དང་ཐུགས་རྟེན་སོགས། །རིང་བསྲེལ་ལྡན་པ་འབུམ་ཕྲག་ལྷག་ཙམ་བཞུགས། །པཎ་ཆེན་ཉིད་ཀྱི་སྒོམ་ཞྭ་ཐུལ་པ་དང་། །བཞེས་
སྣོད་འུར་རྡོ་སྐུ་ཆས་ཆ་ཚང་ཡོད། །པདྨའི་ཕྱག་མཁར་(འཁར)གཞན་ཡང་རྟེན་མཆོག་རིགས། །དཔག་མེད་ངེས་པར་བཞུགས་པས་ཐེ་ཚོམ་སྤོངས། །
ཡེ་ཤེས་བྱིན་དབབ་པཎ་ཆེན་ཉིད་ཀྱི་(ཀྱིས)མཛད། །རབ་གནས་གདན་གསུམ་ཚང་བའི་ལྷ་ཡི་(ཡིས)འཐོར། །དེ་ཡི་རྒྱབ་བརྟེན་(རྟེན)རྒྱ་ནག་ཡུལ་
ལྗོང་(ལྗོངས)ནས། །དྲུང་ཆེན་པཀྴིས་སྤྱན་དྲངས་བདེ་གཤེགས་གདུང་། །བཀྲ་ཤིས་འོད་འབར་རྟེན་མཆོག་འདིར་དགོང་(དགོངས)ནས། །ཉེ་འཁོར་
ཆུ་བོའི་གཡོན་ཕྱོགས་ཉིད་དུ་བཞུགས། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལན་གསུམ་བྱོན། །དྲུང་ཆེན་ཀུན་དགས་ལོ་གསུམ་སྒྲུབ་པའི་གནས། ། འདི་ལ་
ཕྱག་མཆོད་བསྐུར་བསྟི་(བཀུར་སྟི)སུས་བྱས་པ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་འགྱུར། །བསྐོར་བ་རེ་ལ་རྣམ་རྒྱལ་འབུམ་ཐེར་རེ།།
ཡོད་པར་ལུང་རིགས་གྲུབ་པ་ངས་ཁས་ལེན། །དེ་ཕྱིར་ཕྱག་སྐོར་མཆོད་པ་ཅི་ནས་མཛོད། །དེ་སྐད་བརྩོན་འགྲུས་མཐར་ཕྱིན་ཐུགས་བཞེད་ལྟར། །
ལྷ་དང་མཁའ་འགྲོའི་བྱིན་རླབས་ཁྲག་འཐུང་མིང་། །བདེ་ཆེན་འབར་བའི་རྡོ་རྗེ་རྩལ་གྱིས་བྲིས། །
¡¡

   བསྡོམས་ལྡེབ་ངོས་༧ཡོད།         ༡༽     ངོས་པ།