|
¡þ༄༅།
ཨོཾསྭསྟི། གྲངས་མེད་ཚོགས་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ལུང་རྟོགས་བདག་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་།
།
རྒྱལ་སྲས་རང་རྒྱལ་འཕགས་ཚོགས་དགེ་འདུན་ཏེ། །གསུམ་ལ་རྟག་ཏུ་གུས་པས་མཆོད་པར་བགྱི།
།ཞེས་མཆོད་པར་བརྗོད་ནས་འདིར་ཕྱག་དང་
བསྐོར་བ་མཆོད་འབུལ་གྱི་ཕན་ཡོན་མདོར་བསྡུས་ཏེ་ངེས་པར་བྱ་བ་ལ།
རྙེད་པར་དཀའ་བའི་དལ་འབྱོར་འདི་ལྟ་བུ་ཐོབ་ཀྱང་ཡུན་རིང་དུ་མི་
གནས་སྟེ་(ཏེ)། ཞིབ་ཏུ་བསམ་ན་གློག་འགྱུ་བ་ཙམ་མོ། །དེ་ལྟ་བུའི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ལ།
ཡང་དག་པའི་ལམ་ལ་རྟེན་ནས་བྱང་
ཆུབ་ཐོབ་པ་ཞིག་དགོས་མོད།
འདིར་ཕལ་པའི་དོན་དུ་ཉམས་སུ་བླངས་བྱར་ཡོད་པ་སྒོ་གསུམ་གྱི་དགེ་རྩ་ཁྱད་པར་ཅན་ཕྱག་དང་བསྐོར་བའི་ཕན་
ཡོན་ནི།
ཡུལ་དཀོན་མཆོག་གསུམ་ལ་དམིགས་ནས་དང་བའི་དད་པ་སྔོན་དུ་འགྲོ་བས་ཡན་ལག་ལྔ་ས་ལ་ཕབ་སྟེ་ཕྱག་གུས་པ་གཅིག་འཚལ་ན་
ཡང་།
ལུས་ཇི་སྙེད་ནོན་པའི་ཐད་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ས་ཡི་རྡུལ་ཕྲན་ཇི་སྙེད་ཡོད་པ་དང་མཉམ་པའི་འཁོར་ལོའི་
བསྒྱུར་(ལོས་སྒྱུར)བའི་རྒྱལ་པོ་ཐོག་(ཐོབ)པ་མདོ་ལས་བཤད་ལ།
བསྐོར་བ་ནི་འདུས་བྱས་ཀྱི་དགེ་རྩ་ཞིག་ལ་བསྐོར་བ་ཕན་ཡོན་ཆེ་སྟེ།
གྲོང་ཁྱེར་
ལ་བསྐོར་བ་བྱས་པས་གྲུབ་པ་ཐོབ་པའང་ཡོད་ཅེས་བཀའ་གདམ་(གདམས)གླེགས་བམ་ལས་བཤད།
དེ་ལ་འདིར་འཛཾ་(འཛོམ)ཉག་བསམ་འགྲུབ་
ཆོས་སྡེའི་ཤར་གྱི་ཕྱོགས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མས་ཕྱུག་པའི་ས་ཡི་སྟེང་འདིར་རྒྱ་གར་འཕགས་པའི་ཡུལ་དུ་མཚན་ཉི་ཟླ་ལྟར་གྲགས་
ཤིང་གནས་ལྔ་རིག་པའི་པཎྚི་ཏ་ཆེན་པོ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཞེས་པས།
བསྟན་པ་དང་འགྲོ་བ་ཀུན་གྱི་དོན་ཆེན་པོ་བསྒྲུབས་(བསྒྲུབ)པའི་ཕྱིར། བོད་
དང་བོད་ཆེན་པོ།
ཁྱེད་(ཁྱད)པར་མདོ་སྟོད་རྒ་(སྒ)འབྲི་ཆུ་གསེར་ལྡན་དལ་གྱིས་འབབ་པའི་གནས་སུ་སྐུ་ཚེའི་སྟོད་ཙམ་དུ་རྣམ་པར་རྒྱལ་མའི་
མཆོད་རྟེན་ཆེན་པོ་བཏབ་ནས།
བྲེ་ཕྱིན་ལེགས་པར་གྲུབ་ཏེ་(སྟེ)རབ་གནས་དང་སྨོན་ལམ་རྒྱ་ཆེན་པོ་བཏབ།
མཆོད་རྟེན་འདིའི་བྲེ་ཚུན་མ་འོངས་
པ་ན་ངེད་ཀྱི་སྐྱེ་བ་ཞིག་གིས་གཞེངས་(བཞེངས)ནས་སེམས་ཅན་གྱི་དོན་བྱེད་པ་འགྱུར་རོ་ཞེས་ལུང་བསྟན།
སྐུ་ཚེའི་སྨད་འདན་གྱི་ཁྲ་བོ་ལ་བསྐལ་
(བརྒལ)ཏེ་ཕེབས།
རྫུ་འཕྲུལ་དུ་མས་རྟེན་འབྲེལ་བརྟགས་ནས་བྲན་(དྲན)ཐང་ཞེས་པའི་གནས་གཞི་བཏིང་།
དེར་ཡུན་རིང་པོར་བཞུགས། མྱ་ངན་
ལས་འདའ་བའི་དུས་སུ་ང་ཡི་ཕུང་པོ་འདིས་མ་འོངས་པའི་སེམས་ཅན་མང་པོའི་དོན་བྱེད་པ་(པར)ཤོག་ཅེས་སྨོན་ལམ་བཏབ་སྟེ་སྐུ་གདུང་དེང་
སང་གི་བར་དུ་མཆོད་ཅིང་བཀུར་བ་འདི་ཉིད་ཡིན་ལ།
ཁྱད་པར་གྲུབ་ཆེན་པའི་སྨོན་ལམ་བདེན་སྟོབས་ལྟར་རྒ་(སྒ)པ་བཀའ་རམ་པ་ཞེས་མཁས་
ཤིང་གྲུབ་པ་བརྙེས་པ་དེ་ཉིད་ཀྱིས་སྔར་གྱི་མཆོད་རྟེན་དེའི་བྲེ་ཡན་ཆོས་འཁོར་གདུགས་དང་བཅས་པ་མཐར་ཕྱིན་པར་མཛད།
ཕྱིས་སུ་ཉམས་
ཆགས་(ཆག)ཕྲན་བུ་བྱུང་བ་ངེད་རང་གིས་རྒ་(སྒ)སྟོད་སྔོན་དུ་འོངས་སྐབས་ཡོན་བདག་རྒྱ་པ་དང་ང་རང་བཅས་ཀྱིས་ཞབས་ཏོག་ཚེ་དཔག་མེད་
ལ་བརྟེན་པའི་རབ་གནས་བགྱིས།
རྒྱབ་སོར་ཡང་ས་གཡོས་ཆེན་པོ་ཞིག་གིས་ཞིག་རལ་བྱུང་འདུག་པར་ངེད་བདེ་(སྡེ)དགེར་འོངས་སྐབས་དགེ་
བསྐུལ་གྱིས་བླ་དགོན་སྦྱིན་བདག་རྒྱ་པ་དང་དབུ་རྒྱན་རྡོ་རྗེ་བཅས་གཞན་ཡང་ཡུལ་སྡེ་རྒན་པོ་ཐམས་ཅད་ཀྱིས་གསར་བཞེངས་ལྟ་བུས་ལྷ་ཁང་
དང་།
མཆོད་རྟེན་ཕྱི་ནང་ཐམས་ཅད་ལེགས་པར་གྲུབ་པར་བྱས་འདུག་པར་ངེད་རང་ནས་དཔལ་དགེས་པ་རྡོ་རྗེ་ལ་བརྟེན་པའི་རབ་གནས་དང་
མཆོད་འབུལ་རྒྱས་པར་བསྒྲུབ་(བསྒྲུབས)པ་ཡིན།
ཕྱིན་ཆད་ཀྱང་བསྟན་འཛིན་དམ་པ་ཚད་ཐུབ་དང་།
སྦྱིན་བདག་འབྱོར་ལྡན་ཅན་དག་གིས་ཀྱང་
ཉམས་ཆགས་(ཆག)བྱུང་ན་བསྟན་འགྲོར་ཕན་པའི་སེམས་བསྐྱེད་དང་།
རང་གཞན་ཐམས་ཅད་ཚོགས་གཉིས་རྫོགས་ཕྱིར་ཐུགས་བསྐྱེད་མི་དམན་
པར་དགོས།
མཆོད་རྟེན་གྱི་བུམ་པའི་ནང་ན་ལྡེབ་རིས་སུ་བསྐལ་བཟང་སངས་རྒྱས་སྟོང་དང་གྲུབ་ཆེན་ཉིད་ཀྱི་གཟིམས་ཆུང་ན་ཇོ་བོ་སྨྲྀ་ཏི་ཛྙཱ་
ནའི་སྐུ་ཕྱག་ནས་མ་རིང་བསྲེལ་ཅན་གཙོ་བོར་གྱུར་པའི་ལྷ་གྲངས་མང་བ་དང་།
ལྷ་ཁང་རྙིང་པའི་ནང་ནའང་སྐུ་རྟེན་བྲིས་འབུར་དུ་མ་བཞུགས་
ཤིང་།
གསུང་རྟེན་ཡོན་བདག་ཨོ་རྒྱན་རྡོ་རྗེས་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་གཙོས་གཞན་ཡང་གླེག(གླེགས)བམ་བསམ་གྱིས་མི་
ཁྱབ་པ་དང་། བསྐོར་ལམ་རྣམས་སུ་མ་ཎིའི་འཁོར་ལོ་བརྒྱ་ཕྲག་ཕྱེད་གཉིས་ཙམ་དང་།
དེ་དག་གི་མདུན་དུ་མཆོད་པའི་ཡོ་བྱེད་(བྱད)སྤྲིན་ཕུང་
འཐིབ་(འཐིབས)པ་ལྟར་བཞུགས་པའི་གནྡྷོ་ལའི་རྟེན་འདི་དག་དང་བླ་མ་དགེ་འདུན་བཅས་པ་ལ་ཕྱག་དང་བསྐོར་བ་མཆོད་པ་འབུལ་བའི་བསོད་
ནམས་མཐའ་ཡས་ཤིང་། རྒྱང་རིང་མོ་ནས་མཐོང་བ་དང་།
འདི་དག་གི་གྲིབ་མ་ལུས་ལ་ཕོག་པ་ཙམ་གྱིས་ཀྱང་ཚེ་རབ་(རབས)ཐོག་མ་མེད་པའི་
སྡིག་པ་འདག་པ་དང་།
ད་ལྟའི་ལུས་རྟེན་འདི་དག་གི་སྟེང་ནས་མཚམས་མེད་པ་ལྔ་བྱས་པ་བྱང་ཤིང་(ཞིང)།
ཕྱི་མ་ངན་འགྲོའི་སྒོ་འགེག་པ་སོགས་
རྒྱལ་བའི་བཀའ་དང་གྲུབ་ཐོབ་ཚད་མའི་ལུང་གི་(གིས)གྲུབ་པ་ཐེ་ཙམ་(ཙོམ)མི་འཚལ་ཞིང་།
ཐོག་མར་བསྐོར་བའི་སྔོན་དུ་སྙིང་ཐག་པ་ནས་སྐྱབས་
འགྲོ་སེམས་བསྐྱེད་ཚིག་རང་གི་(གིས)གང་ཤེས་ཀྱིས་(ཀྱི)སྒོ་ནས་སེམས་དང་འདྲེས་ངེས་ལན་མང་བྱ།
བསྐོར་ཕྱག་དངོས་ཀྱི་ཚེ་སེམས་མ་ཡེངས་
པར་ངག་ཐ་མལ་གྱི་གཏམ་མི་སྨྲ་བ་དགེ་སྦྱོར་ཚར་ནས་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བ་གལ་ཆེ།
འདི་ལྟར་བྱས་པའི་ཕན་ཡོན་ཤིན་ཏུ་ཆེ་སྟེ།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡང་སྙིང་འབུམ་པའི་རྒྱུད་ལས།
ཆུ་དང་རླུང་དང་ལག་པའི་འཕྲུལ། །གདུགས་དང་རྒྱལ་མཚན་བཟོ་འཆུན་འཕྲུལ།།
ཤིང་རྟ་འཁོར་ལོ་ལ་སོགས་པ། །རྣལ་འབྱོར་པ་ཡི་ཁྱད་པར་ལས། །ཞི་རྒྱས་དབང་དྲག་འཕྲིན་ལས་དང་།
།གང་འདོད་བསྒྱུར་བ་གྲངས་དུས་སོགས། །
ཡུལ་ལ་ལྟོས་མེད་འབྲས་བུ་འབྱིན། །ཞེས་དང་།
དེ་ནས་བསྐོར་བའི་རྣལ་འབྱོར་བཤད། །ཅེས་སོགས་ནས།
མོས་པས་ཡང་སྙིང་བཟླས་ཤིང་བསྐོར། །
ཞེས་སོགས་རྒྱས་པར་གསུངས་ལ།
གཞན་ཡང་ཚེགས་ལ་མ་ལྟོས་པའི་ཐབས་ཀྱི་ཁྱད་པར་གྱིས་འབྲས་བུ་འབྱིན་པ་གསང་སྔགས་ཟབ་མོའི་ཆེ་བར་
གསུངས་ལ།
ཁྱད་པར་ཡི་གེ་དྲུག་མའི་ཕན་ཡོན་དཔག་ཏུ་མེད་པ་མདོ་སྡེ་ཟ་མ་ཏོག་བཀོད་པ་ངེས་པར་བལྟ་དགོས་སོ།
།རྒྱུ་མཚན་དེ་དག་གི་ཕྱིར་
གནས་འདི་ཉིད་ལ་བསྐོར་བ་ཟླ་གཅིག་ལྷག་ཙམ་དང་།
བསྐོར་གྲངས་བརྒྱ་ཚོ་སུམ་བཅུ་(ཅུ)སོ་བདུན་བྱས་ན།
མ་ཎི་དུང་ཕྱུར་གཅིག་རང་གི་ཁ་ནས་
འཐོན་པ་དང་མཉམ་པར་འགྱུར་ལ།
གཞན་གནས་རི་བསྐོར་བ་ལ་ཕན་ཡོན་བརྗོད་པའི་རྩིས་བཏང་ན་དེ་ལས་ཀྱང་ཆེས་ལྷག་པར་ཡང་མངོན་ནོ།
།
སྙན་ངག་སྒྲོ་བཏགས་སྦྱོར་བ་མ་བྱས་པ། །གནས་ཚུལ་ཇི་བཞིན་ཀུན་གྱིས་གོ་བའི་གཏམ།
།དགེ་ལ་འདུན་སླད་བགྱིས་པ་འདིས་མཚོན་ཏེ། །འཁོར་
འདས་ཀུན་གྱི་དགེ་བའི་ཆུ་ཀླུང་རྣམས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས་བསྔོས་བཞིན།
།ཡོངས་བསྔོ་དགེ་བས་མཁའ་མཉམ་ཡིད་ཅན་ཀུན། །
གནས་སྐབས་མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར། །མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག
།རྒྱལ་བའི་རྟེན་མཆོག་འདི་དག་ལ། །བཀུར་བསྟི་
བགྱིས་པའི་དགེ་བ་དེས། །ངན་འགྲོའི་སྡིག་སྒྲིབ་ཀུན་སྦྱོངས་(སྦྱངས)ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག
།ཅེས་པ་འདི་ཡང་རང་ཉིད་ཀྱི་མོས་
འདུན་དང་། ཁྱད་པར་ཡོན་བདག་བརྒྱ་(རྒྱ)པ་དང་།
སྦལ་ཐང་ཨོ་རྒྱན་རྡོ་རྗེ་བཅས་ཀྱིས་བསྐོར་བའི་ཕན་ཡོན་འདི་ལྟར་དགོས་ཞེས་ཡང་ཡང་
བསྐུལ་བ་ལ་བརྟེན་ནས་ཆོས་སྨྲ་བའི་བཙུན་པ་ཤྲཱི་ཨེ་ཝཾ་པའི་རིངས་(རིང)ལུགས་འཛིན་པ་དཔལ་ལྡན་ཆོས་སྐྱོང་དུ་འབོད་པ་གང་དེས་ལྕགས་
ལུགས་(ལུག)ཐ་སྐར་ཉ་བའི་ཚེས་བཅོ་བརྒྱད་ཉིན་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་དུས་ཀྱི་མཆོད་པར་དམིགས་ཏེ་སྡེ་དགེ་ལྷུན་གྲུབ་ཀྱི་
སྟེང་གི་ཕན་གླིང་བླ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བསྟན་འཛིན་མཆོག་གྲུབ་ཀྱིས་གུས་པར་བགྱིས་སོ།།
སརྦ་མངྒ་ལཾ་བྷ་ཝནྟུ།། ༈ དེ་ལྟར་འཛམ་ཉག་
མཆོད་རྟེན་ཆེན་པོ་ཡི། །དཀར་ཆགས་(ཆག)མཆོག་འདི་མཁན་ཆེན་ཐམས་ཅད་མཁྱེན། །དཔལ་ལྡན་ལུང་རྟོགས་ཆོས་ཀུན་སྐྱོང་བས་མཛད།
།འདི་ནི་
ཞབས་ཏོག་ཚུལ་གྱིས་གསར་སྤེལ་ཞུས། །མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པ། །ཐར་པའི་ལམ་ལ་སྦྱོར་མཛད་མཆོད་སྡོང་འདི།
།འཕགས་ཡུལ་
པཎ་གྲུབ་སྨྲྀ་ཏིས་བྱིན་གྱིས་བརླབ(བརླབས)། །རབ་འབྱམས་ཆོས་ཀྱི་རྒྱལ་པོས་ཉམས་གསོ་མཛད།
།ཕྱི་དུས་དཔལ་ལྡན་ཆོས་སྐྱོངས་(སྐྱོང)ཞལ་སྔ་
ནས། །ཞབས་ཏོགས་(ཏོག)གནང་ཞིང་རབ་གནས་ལན་གྲངས་མཛད། །སྐྱེ་དགུའི་བསོད་ནམས་བསགས་པའི་རྟེན་གྱི་གཙོ།
།རྒྱལ་བའི་ཞལ་སྐྱིན་ཁྱོད་
ལ་ཕྱག་འཚལ་ལོ། །ད་ལྟ་དཔལ་ལྡན་ཐར་རྩེ་རྡོ་རྗེ་འཆང་། །མཉྫུའི་མཚན་ཅན་གང་གི་རིགས་ཀྱི་དབོན།
།འཇམ་དབྱངས་ཀུན་བཟང་ཆོས་ཀྱི་རྒྱལ་
མཚན་དུ། །བོད་པ་བདག་གིས་ལྷག་བསམ་དག་པས་བྲིས། །ཅེས་པའི་དཀར་ཆགས་(ཆག)ཉམས་གསོ་གསར་བགྱིས་འདི།
དག་ལ་ཚང་ནས་བྲི་གཞི་
སྦྱོར་བ་ལ་རྟེན་ནས་མེ་སྟག་ཟླ་ཚེས་དགེ་བར་བསམ་འགྲུབ་བདེ་ཆེན་གླིང་གི་ཆོས་གྲྭར་ལེགས་པར་གྲུབ་པ་བགྱིས་པའོ།
།དགེ་ལེགས་འཕེལ། །
¡¡ |