¡¡

༄༅། །འཛོམ་ཉག་བསམ་འགྲུབ་དགོན་གྱི་དཀར་ཆག་སྐོར།
ཚེ་རིང་དོན་ལྡན་གྱིས་མཛད་པའི་དཀར་ཆག

   བསྡོམས་ལྡེབ་ངོས་༧ཡོད།         ༡༽  ངོས་པ།         

¡þ ༄༅། །སྭ་སྟི་བི་ཛ་ཡནྟུ། བདེ་གཤེགས་བསྟན་པའི་གསུང་རབ་སེངྒེའི་སྒྲ། །སངས་རྒྱས་དགོངས་པ་ཇི་བཞིན་ལེགས་བསྒྲུབས་པའི། །སྐྱོན་
མེད་ཡོན་ཏན་ཀུན་གྱི་མཛོད་མངའ་བ། །མཚུངས་མེད་བླ་མ་རྣམས་ལ་གུས་པས་འདུད། །དམར་སེར་མདངས་ལྡན་མཚན་དཔེའི་འོད་ཕུང་གཡོ།།
མི་ཤེས་དྲ་བ་བཅོད་(གཅོད)པའི་སྟོང་ཉིད་ཀྱི། །རང་མདངས་སྙིང་རྗེའི་རལ་གྲི་མཁའ་ལ་འཕྱར། །སྨྲ་བའི་ལྷ་ཁྱོད་བདག་བློའི་སྤྱི་བོར་འདུད།
༄༅། ན་མོ་བུདྔྷ་ཤཱཀྱ་མུ་ན་ཡེ། གངས་ཅན་སྒྲོན་མེ་བློ་གྲོས་མུ་ཏིག་ཕྲེང་། །གསར་སྒྲོན་རྟ་བདུན་འོད་ཟེར་འགྱེད་མཁས་པ། །ཙི་ནི་(ནའི)པན་
(པཎ)ཆེན་སྨྲྀ་ཏི་སྙན་པར་གྲགས། །ལོ་ཙཱ་མཁས་པའི་གཙུག་རྒྱན་ཛྙཱ་ན་(ནར)འདུད། །ཞེས་(ཅེས)མཆོད་པར་བརྗོད་པ་སྔོན་དུ་སོང་ནས་སྐབས་
སུ་བབ་པའི་གླེང་བར་བྱ་བ་ནི། འཇམ་དཔལ་རྩ་བའི་རྒྱུད་ནས་རྒྱལ་བ་ཉིད་ཀྱི་(ཀྱིས)ལུང་བསྟན་པའི་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཞེས་བྱ་བ། རྒྱ་གར་
འཕགས་པའི་ཡུལ་དུ་མཚན་ཉི་ཟླ་ལྟར་གྲགས་པའི། པཎྜི་ཏ་ལྔ་བརྒྱའི་གཙུག་རྒྱན་མཁས་ཤིང་གྲུབ་པར་བརྙེས་པ། འགྱུར་རོ་ཅོགས་སོགས་རྩ་
རྒྱུད་འབྲེལ་(འགྲེལ)ཆེན་རྣམས་ཕལ་ཆེར་གཏན་ལ་ཕབས་པ་དང་། ལོ་ཙཱ་མང་པོ་མཛད་ནས་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་དོ། །ཕྱིས་སུ་
བོད་ཀྱི་གདུལ་བྱ་རྣམས་དགོངས་ནས་སྤྲུལ་པ་མཛད་ནས་བོད་ལ་ཕེབས། རྗེ་དྲན་པའི་ཡེ་ཤེས་ཞེས་བྱ་བ་འཛམ་གླིང་བྱང་ཕྱོགས་པ་བ་ཏཱ་རྒྱ་
གར་དང་ས་ཡི་དབྱིབས་མཚུངས་པའི་འཛོམ་ཉག་ཞེས་པའི་ཡུལ་དུ་འགྲོ་དོན་རྒྱ་ཆེར་མཛད་ནས་བཞུགས། རྫུ་འཕྲུལ་དུ་མི་(མའི)སྒོ་ནས་འོག་
ཀླུ་ཡུལ་ནས་བདེ་བར་གཤེགས་པའི་མཆོད་རྟེན་གདན་དྲངས། འགྲོ་བ་ལྷ་མིའི་(མི)རྣམས་ཀྱི་ཕྱག་དང་བསྐོར་བའི་རྟེན་དུ་བཞུགས། ནང་རྟེན་
དུ་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ་མཁའ་འགྲོ་རྣམས་ཀྱིས་སྤྱན་དྲངས་ནས་བཞུགས། ཀླུ་རྣམས་ཀྱི་གཏེར་སྦྲོམ་(སྒྲོམ)དང་དགོས་
འདོད་འབྱུང་བའི་ནོར་བུ་སོགས་བཞུགས། ཚེས་བཅུ་ལ་སློབ་དཔོན་པདྨས་ནམ་མཁའ་ནས་རབ་གནས་མཛད། གྲུབ་ཆེན་ཉིད་ཀྱིས་ཀྱང་བླ་མ་
ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོངས་(སྐྱོང)ནོར་ལྷ་རྣམས། འགྲོ་བ་མི་རྣམས་ཀྱིས་མངོན་གསུམ་(སུམ)དུ་མཐོང་བ་
བསྟན་ནས་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་ཞིང་། དེ་ནས་གྲུབ་ཆེན་ཉིད་ཀྱི་(ཀྱིས)ང་ཡི་སྐྱེ་བར་(བ)ཕྱི་མར་མཆོད་རྟེན་འདི་ལ་
གདུགས་རིམ་པ་བཅུ་གསུམ་ཆར་ཁེབ་ཏོག་དང་བཅས་པ། སྒྲོན་ནས་འགྲོ་བ་སེམས་ཅན་གྱི་དོན་མང་པོ་བྱེད་པ་ཤོག་ཞེས་(ཅེས)སྨོན་ལམ་
བཏབ་སོ་(བོ)། དེ་ནས་འདན་ཕྱོགས་སུ་ཕེབ་(ཕེབས)ནས་དྲན་ཐང་ཆགས་གི་(ཆག་གི)བཅགས་སྤྲུལ་པ་རྫུ་འཕྲུལ་གྱི་སྒོ་ནས་སེམས་ཅན་གྱི་
དོན་རྒྱ་ཆེར་བྱས། དེ་ནས་མྱ་ངན་ལས་འདས་ཚུལ་བསྟན། ང་ཡི་སྐུ་གདུངས་(གདུང)དེ་ཀླུ་ཡི་འགྲོ་དོན་དུ་ཞོག་གསུངས། དེ་ནས་སྒ་པ་བཀའ་
རམ་པ་ཞེས་བྱ་བ་འཛོམ་ཉག་ཕུན་སུམ་ཚོགས་པའི་ས་འདི་ན། སྔོན་གྱི་སྨོན་ལམ་གྱི་དབང་གིས་སྐུ་བལྟམས། ཚད་རྫོགས་མ་ཐག་ཏུ་མཆོད་རྟེན་
གྱི་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་དང་བཅས་ལེགས་པར་གྲུབ་ནས། བསྙེན་བཀུར་རྒྱ་ཆེར་མཛད་ནས་མཁས་ཤིང་གྲུབ་པ་མཉེས་(བརྙེས)པའི་སྐྱེས་བུ་དམ་པ་དེས་དགོན་སྡེ་མང་པོ་ཆགས་གི་(ཆག་གིས)བཅགས། སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས་འདྲེན་(འགྲན)ཟླ་
ཐམས་ཅད་དང་བྲལ་བས་རྣམ་ཐར་སོགས་བརྗོད་ཀྱིས་མི་ལངས་སོ། །དེ་ནས་འཛོམ་ཉག་བླ་དགོན་དང་སྦྱིན་བདག་གི་གཙོ་བོ་བརྒྱ་(རྒྱ)པ་དག་
ལ་ཝེ་ལྟ་སོགས་ཡུལ་མི་སྤྱི་དང་བཟོ་རིགས་རྣམས་ཀྱི་ལྷག་བསམ་རྣམ་པར་དག་པས། ས་མོ་ལུག་གི་ལོ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་དགའ་ལྡན་
ལྷ་ནས་བབ་པའི་དུས་ལ་དམིགས་ནས་གདུགས་རིམ་པར་(པ)བཅུ་གསུམ་ཆར་ཁེབས་ཉི་ཟླ་དང་བཅས་པ་གསར་སྒྲོན་བྱས། དྲག་པོ་ལྕགས་སྤྲེལ་
གྱི་ལོ་ལ་སྦྱིན་བདག་རྒྱ་པའི་མགོན་པོ་དབང་རྒྱལ་དང་དག་ལི་(ལའི)ཚེ་སྲུང་ཝེ་ལྟི་(ལྟའི)བློ་བཟང་ནོར་བུ་སོགས་ཁགས་(ཁག)གསུམ་གྱི་(གྱིས)སྦྱིན་བདག་གི་གཙོ་བོར་བྱས། དགོན་པ་དང་དགེ་སློང་ཕར་(ཕལ)ཆེར་དང་ཡུལ་མི་གང་དྲགས་(དྲག)རྒན་པོ་མ་སྲུ་བོ་(མོ)བཙུན་ཡུལ་ཡར་མར་
རྣམས་ཀྱི་(ཀྱིས)ཆེ་བའི་ཇ་རྟ་གསེལ་(གསེར)དངུལ། ཆུང་བའི་དུ་བག་དར་ཁ། རྒྱ་མཚོའི་ནང་གི་ཆུ་ཐིག་(ཐིགས)ལྷག་གསམ་(བསམ)རྣམ་པར་
དག་པའི་སྒོ་ནས། དྲག་པོ་ལྕགས་སྤྲེལ་གྱི་ལོ་ལ། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་དུས་ཁྱད་པར་ཅན་ལ་དམིགས་ནས་གསེར་ཕམ་(ཕོམ)ཏོག་དང་བཅས་པ་ལེགས་པར་གྲུབ། དེ་ནས་གསམ་(གསུམ་མམ་བསམ)འགྲུབ་དགོན་པའི་དཔོན་སློབ་རྣམ་གསུམ་དབུ་ལ་བཞུགས་ནས་དགེ་
འདུན་རྣམས་ཀྱིས། ངན་སོང་སྦྱོངས་(སྦྱོང)རྒྱུད་ཀྱི་སྒོ་ནས་རབ་གནས་དང་མཆོད་བསྟོད་རྒྱ་ཆེན་པོར་(པོ)མཛད་ནས། ཞག་བདུན་མཆོད་པར་(པ)རྒྱ་ཆེར་ཕུལ་བའི་སྐབས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་བྱུང་ཞིང་དེའི་དུས་སུ། འདན་རག་ཅོ་རྟོགས་ལྡན་གནས་གཡུ་བྲག་ཕུབ་(ཕུག)ལ་སྐུ་མཚམས་ལ་བཞུགས་པའི་སྐབས་སུ་ཀླུ་དཀར་པོ་སྦྲུལ་ཞགས་ཐོགས་པ་གཅིག་གི་(གིས)འཛོམ་ཉག་མཆོད་རྟེན་འདི་ན། ས་ག་ཟླའི་ཚེས་བཅུ་
ལ་རྒྱ་ནག་གླང་ཆེན་སོགས་གནས་འདྲོན་(མགྲོན)མང་པོ་བྱོན་ཡོན། བསམ་ཡས་བྱེ་མའི་ལྷ་ཁང་དང་འདྲ་ཉིན་མོར་མིས་བསྐོར་མཚན་མོར་ལྷ་
འདྲེས་བསྐོར་ཟེར་ནས་ལུང་བསྟན། གནས་འདི་ལ་ཡིད་གཉིས་དང་ཐེ་ཙམ་(ཙོམ)མེད་པས་བསྐོར་བ་བཅུ་བྱས་ན་མ་ཎི་དུང་ཕྱུར་གཅིག་གི་
འགྱུར་བྱེད་ཡོད་ངེས་ཡིན་པས་ཀུན་གྱིས་གུས་པས་ལོངས། གནས་འདི་ལ་ཐེ་ཚམ་(ཚོམ)དང་སོམས་(སོམ)ཉི་མི་དད་པ་བསྟན་པ་གཤེགས་(བཤིག)པའི་རིགས་སོགས་བྱས་ན། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། བརྒྱུད་པའི་བླ་མ་དང་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དཔལ་མགོན་
ཆོས་སྐྱོང་སྲུང་མ་རྣམས། བླ་མ་གོང་མ་རྣམས་ཀྱིས་བཀའ་བསྒོ་བ་བཞིན་དུ་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག ཚུལ་བཞིན་བསྒྲུབ་པ་རྣམས་
ཀྱི་སེམས་བརྒྱ་ཡིང་(རྒྱ་ཡེངས)སུ་མི་གཏང་(གཏོང)བ་གལ་ཆེ། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཕྱག་དང་བསྐོར་བ་བྱས་ནས་སེམས་
ཅན་གྱི་དོན་ལ་དམིགས་པ་དང་སེམས་མོས་གུས་དང་ལྡན་པས་བསྐོར་ན། དེ་ལྟ་བུའི་ཕན་ཡོན་ནི་མདོ་དང་བསྟན་བཅོས་རྣམས་ནས་གསུངས་
བཞིན་ཕན་ཡོན་བགྲངས་པ་ག་ལ་ནུས་ཏེ། དཔེར་ན་མཆོད་རྟེན་གཅིག་གི་རྩེ་མོར་(མོ)ནས་སྲོག་ཆགས་གཤོགས་(གཤོག)ཐོགས་གཅིག་རླུང་གི་(གིས)ཁྱེར་ནས་བསྐོར་བ་གསུམ་ཕོགས་(ཕོག)པའི་ཕན་ཡོན་ནི། དགའ་ལྡན་ལྷ་གནས་སུ་བྱང་ཆུབ་སེམས་དཔའ་ཞི་བ་འོད་ཀྱི་སྐྱེ་བ་གཞེས་(བཞེས)ཚུལ་དང་། མཆོད་རྟེན་བྱ་རུང་(རང)ཁ་ཤོར་འདུན་(མདུན)ནས་ཕག་ཕྲུགས་(ཕྲུག)ཁྱིས་དད་(དེད)ནས་བསྐོར་བ་བདུན་ཕོགས་(ཕོག)ནས་ཚེ་འཕོས་མ་ཐག་ཏུ་སྐྱེས་ཆེན་དམ་པ་འགྲོ་བ་སེམས་ཅན་གྱི་(དོན)བྱེད་ནུས་པའི་སྐྱེ་བར་བཞེས་ཚུལ་དང་། བྱིས་པ་གཅིག་གི་(གིས)བྱེ་མ་
བཅུར་ནས་མཆོད་རྟེན་ཡིན་ཟེར་ནས་མ་ལ་གཏད་ནས་མས་རྟེན་གྱི་མཆོག་བྱས་ནས། ཕྱག་དང་བསྐོར་བ་བྱས་ནས་མ་བུ་གཉིས་ཀྱི་གྲུབ་པ་ཐོབ་
ཚུལ་དང་། མ་གཱ་ངྷཱ་ཡི་བྱང་ཆུབ་ཆེན་པོས་(པོའི)མཆོད་རྟེན་སེང་ཁྲིའི་གདུང་གྲུབ་པ་ཞིག་ལ་མི་གཅིག་གི་(གིས)ས་སྤར་མོ་གོང་(གང)སྦྱར་བའི་
ཕན་ཡོན་གྱི་(གྱིས)། སྟོང་འཁོར་ལོ་བརྒྱུར་(ལོས་སྒྱུར)བའི་རྒྱལ་པོའི་སྐྱེ་བ་གཞེས་(བཞེས)ཚུལ་སོགས་མང་དུ་གསུངས་པར་(པ)ལྟར་ཕན་ཡོན་
བརྗོད་ཀྱི་(ཀྱིས)མི་ལངས་ཞིང་(ཤིང)། རང་རེ་རྣམས་ཀྱིས་ཀྱང་། གང་གིས་སངས་རྒྱས་ཡིད་བྱས་ན། །དེ་ཡི་འདུན་(མདུན)དུ་ཐུབ་པ་བཞུགས། །ཞེས་མོས་གུས་དང་ལྡན་པས་ཕྱག་དང་བསྐོར་བ་མར་མེ་མཆོད་པ་ཕུལ་བའི་ཕན་ཡོན་སོགས།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱ་མཚོ་ཆེན་
པོའི་ཆུ་ཐིག་(ཐིགས)དང་རྩི་ཤིང་ནགས་ཚལ་བྱེ་མ་སོགས་འབྲུ་རེ་རེ་བགྲངས་ནུས་ཏེ། མཆོད་རྟེན་ལ་ཕྱག་དང་བསྐོར་བ་མཆོད་པ་ཞིག་སོས་(གསོ)བྱས་པའི་ཕན་ཡོན་ནི་བགྲངས་(བགྲང)མི་ནུས་གསུང་(གསུངས)པས། རང་གཞན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གསུངས་(གསུང)འདི་དཔང་
པོར་མཛད་ནས་ཉམས་སུ་ལེན་པར་ཞུའོ། །ལེགས་པར་གསུངས་པ་ཀུན་ལ་སྦྱོངས་(སྦྱངས)པའི་བློ། །ལེགས་ཉེས་རྣམ་པར་དཔྱོད་ལ་མི་འཇིགས་པ།།
ལེགས་བཤད་འདོད་དགུ་འཇོ་བ་རྒྱལ་བའི་བསྟན། །ལེགས་པར་འཛིན་པས་འགྲོ་ཀུན་ཕན་བདེ་ཤོག །ཅེས་པ་དཀར་ཆག་མདོར་བསྡུས་འདི། སྦྱིན་
བདག་རྒྱ་པའི་མགོན་པོ་དབང་རྒྱལ་གྱིས་བསྐུར་(བསྐུལ)བའི་ངོར། ཉམས་སུ་མི་ལྡན་ཀླུ་(གླུ)ཆུང་ལེན་འདོད་མཁན་བླུན་རྒན་ཚེ་རིང་དོན་ལྡན་
མིང་གི་(གིས)ས་ག་ཟླའི་༣ཡར་ཚེས་༡ལ་རེས་གཟའ་སྤེན་པ་སྐར་མ་སྣར་མ་༣འཛོམ་པའི་ཉིན་ལ་སྦྱར་བའོ། །ཡི་གེ་པ་གུཧྱེ་མིང་གི་(གིས)བྲིས་པས་
དགེ།། མངྒ་ལཾ། ། ༈ ཕྱོགས་བཅུའི་འཇིག་རྟེན་དག་ན་དུས་གསུམ་གྱི། །གཤེགས་ཤིང་བཞུགས་པའི་དཔལ་ལྡན་སྟོབས་བཅུ་པ། །ཀུན་གྱི་མཁྱེན་བརྩེ་
ནུས་པའི་ཟློས་གར་གྱི། །ལུང་རྟོགས་ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་འདུད། །
¡¡

   བསྡོམས་ལྡེབ་ངོས་༧ཡོད།         ༡༽  ངོས་པ།