༄༅། །འཛོམ་ཉག་བསམ་འགྲུབ་དགོན་གྱི་དཀར་ཆག་སྐོར།
རྡོ་བརྐོས་དཀར་ཆག

   བསྡོམས་ལྡེབ་ངོས་༧ཡོད།   ངོས་པོ།          

༄༅། །ཨོཾ་སྭ་སྟི། པཎ་གྲུབ་དབང་པོ་སྨྲྀ་ཏི་ཛྙཱ་ན་དང་། །གཉིས་མེད་ཡེ་ཤེས་རྣམ་རོལ་བཀའ་རམ་པའི། །བྱིན་བརླབས་ཐུགས་རྗེའི་རྫུ་འཕྲུལ་ལས་
འཐོན་(ཐོན)པའི། །དཔལ་གྱི་ལྷུན་པོ་བཅས་ལ་གུས་ཕྱག་འཚལ། །འདིར་རྒྱ་གར་རྡོ་རྗེ་ལྡན་(གདན)དང་འཕགས་པ་ཤིང་ཀུན་རྣམས་དབྱེར་མ་མཆིས་
པའི་རྟེན་མཆོག་རིན་པོ་ཆེ་འཛམ་གླིང་མཛེས་པའི་རྒྱན་མཆོག་འདི་ནི་སྤྱན་འདྲེན་པ་པོ་ཡང་མ་བྱོན་སངས་རྒྱས་ལྔ་པ་པཎ་ཆེན་སྨྲྀ་ཏི་ཛྙཱ་ནའི་བཀའ་
དྲིན་ཅན་གྱི་རྫུ་འཕྲུལ་མཐའ་ཡས་པའི་སྒོ་ནས་མ་དྲོས་ཀླུ་ཡི་འཇིམ་པ་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྤྲུལ་པའི་མཆོད་རྟེན་ངོ་མཚར་བྱེ་བའི་འབྱུང་
གནས་ས་སྟིང་(སྟེང)འདི་ན་གདན་དྲངས་ནམ་མཁའ་ནས་མཁའ་འགྲོ་སྡེ་ལྔས་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་མཉམ་མེད་ཤཱཀྱའི་རྒྱལ་པོ་གཙོར་གྱུར། སངས་རྒྱས་རབ་(རབས)བདུན་གྱི་རིང་བསྲེལ་སྙིང་པོར་བཞུགས་པའི་བཀྲ་ཤིས་འོད་འབར་དེ་ཉིད་ཕུལ་བ་དང་། བར་པ་མིའི་ཡུལ་ནས་པཎ་ཆེན་
དེ་ཉིད་ཀྱི་ཕྱག་ཞབས་ཀྱི་རྗེས་ཕྱག་བརྟར་(བསྟར)གྱི་སཱཙྪ་ཐུབ་དབང་སྒྲོལ་མའི་སྣང་བརྙན་དུ་མ་སོགས་བྱིན་ལྡན་རྙེད་དཀའ་མང་པོ་བཅས་ནང་
བཞུགས་དུ་(སུ)མཛད་པའི་ཕྱི་ནས་ཉིན་མོ་མི་དང་མཚན་མོ་ལྷ་འདྲེ་རྣམས་ལ་བཞེངས་སུ་བཅུགས་པས་བྲེ་མན་ལེགས་(པར)གྲུབ། དེ་ནས་པཎ་ཆེན་
ཉིད་ཀྱིས་རབ་གནས་མཛད་པས། རྩ་གསུམ་རྒྱལ་བ་རབ་འབྱམས་ནམ་མཁའི་ཁྱོན་གང་བ་ལས་དང་སྐལ་པ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་
དུ་མཇལ་རྒྱུ་ཡོད་པའི་རྫུ་འཕྲུལ་མངོན་པར་བསྟན། ངོ་མཚར་བའི་ལྟས་མེ་ཏོག་གི་ཆར་དབང་གཞུ་བཀྲ་བའི་གུར་ཁྱིམ་དང་། མཆོད་རྫས་རྣམ་པ་དུ་
མ་དང་། དྲི་བཟང་གི་ངད་འཐུལ་ཞིང་། དམ་ཚིག་པ་ལ་ཡེ་ཤེས་པའི་ཚོགས་བསྟིམས་པར་མཛད་ནས་བྱིན་རླབས་ཀྱི་གཟི་བྱིན་ཉི་མ་སྟོང་ཕྲག་དུས་
གཅིག་ཏུ་སྤུངས་པ་ལྟ་བུའོ། །དེ་ནས་དྲན་པ་ཡེ་ཤེས་ཀྱི་ཞལ་ནས་བྲེ་ཡེན་(ཡན)ང་ཡི་སྤྲུལ་པ་ཞིག་གིས་བཞེངས་པར་ལུང་བསྟན་པར་མཛད། ལུང་
བསྟན་དེ་ལྟར་སྒ་བཀའ་རམ་(རམས)པ་ཆེན་པོ་ཀུན་དགའ་ཡེ་ཤེས་ཀྱི་(ཀྱིས)གདུགས་བཅུ་གསུམ་ཆར་ཁེབས་ཏོག་སོགས་མཐར་ཕྱིན་པར་མཛད་
ནས་དཔལ་གྱི་ལྷུན་པོ་འདི་ཉིད་རྒྱང་རིང་མོ་ནས་མིག་གིས་མཐོང་བ་དང་འདི་དག་གི་གྲིབ་མ་ལུས་ལ་ཕོག་པ་ཙམ་གྱིས་ཚེ་རབ་(རབས)ཐོག་མ་
མེད་པའི་སྡིག་པ་འདག་གོ །དེ་ལ་ཕྱག་གུས་པ་གཅིག་འཚལ་ན་ལུས་ཇི་སྙེད་ནོན་པའི་ཐད་དབང་ཆེན་གསེར་གྱི་ས་གཞི་ལ་ཐུགས་(ཐུག)གི་བར་དུ་
ས་ཡི་རྡུལ་ཕྲན་ཇི་སྙེད་ཡོད་པ་དང་མཉམ་པའི་འཁོར་ལོའི་བསྒྱུར་(ལོས་སྒྱུར)བའི་རྒྱལ་པོ་ཐོག་(ཐོབ)པ་མདོ་ལས་བཤད། བསྐོར་བ་དངོས་ཀྱི་ཚེ་
སེམས་མ་ཡེངས་པར་ངག་ཐ་མལ་གྱི་གཏན་(གཏམ)མི་སྨྲ་བ་བྱས་ན་ད་ལྟའི་ལུས་རྟེན་འདི་ལ་མཚམས་མེད་པ་ལྔ་ལྷག་མེད་དུ་བཅོམ་མོ། །རྟེན་འདི་
ལ་ཞིག་གསོས་རབ་གནས་རྟེན་བཞེངས་བྱས་ན་མགོ་འདྲེན་མཐུན་རྐྱེན་མཛད་མི་འབྱོར་ལྡན་རྣམས་ད་ལྟའི་ལུས་རྟེན་འདི་ལ་ནད་ཞི་བ་དང་ཚེ་
བསོད་དཔལ་འབྱོར་རབ་ཏུ་རྒྱས་ཤིང་ཕྱི་མ་ངན་འགྲོའི་སྒོ་འགོགས་པ་སོགས་རྒྱལ་བའི་བཀའ་དང་གྲུབ་ཐོབ་ཚད་མའི་ལུང་གི་(གིས)གྲུབ་པ་ཐེ་ཙམ་(ཙོམ)མི་འཚལ་ཞིང་། སངས་རྒྱས་ཀྱི་བཀས་བསླུ་བ་མི་སྲིད་པས་ཐེ་ཚམ་(ཚོམ)སྤངས་ནས་དད་གུས་ཡིད་ཆེས་སྤྲོ་ཤུགས་དང་བཅས་ཏེ་དགེ་རྩ་
སེམས་ཅན་གྱི་དོན་དུ་བསྔོ་བ་སྨོན་ལམ་(གང)ཤེས་ཀྱི་མཐའ་རྒྱན་པ་གལ་ཆེའོ། །
(མཆོད་རྟེན་དཔལ་གྱི་ལྷུན་པོའི་མདུན་དུ་བཞུགས་པའི་རྡོ་བརྐོས་དཀར་ཆག་ལས་
བཤུས། རྡོ་ལེབ་འདི་རྒྱ་ཆུང་ས་ནས་༥༠cmདང་ཆེ་ས་ནས་༧༠cm མཐོ་ཚད་ལ་༩༠cmཡོད།)

    བསྡོམས་ལྡེབ་ངོས་༧ཡོད།   ངོས་པོ།